中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུའི་རྩྭ་ཐང་གི་སྐྱ་དམག་རུ་ཁག
དུས་ཚོད།2019-07-26 17:46:48     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རང་ཁུལ་གྱི་རྨ་ཆུའི་རྩྭ་ཐང་ན་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་མེད་ལ་ཁ་ཆར་བུ་ཡུག་གི་འགོག་པ་མེད་པའི་སྐྱ་དམག་རུ་ཁག་ཅིག་ཡོད། རུ་མི་རྣམས་ཀྱིས་ལོ་ཧྲིལ་བོར་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་སྐོར་གཡེང་བྱེད་བཞིན་ཡོད་ལ། ཁོ་ཚོས་སྐབས་བསྟུན་གྱི་དམག་འཐབ་བྱེད་སྟངས་ལ་བརྟེན་ནས་ཟོག་རྐུ་རྟ་རྐུ་ཡི་བྱ་སྤྱོད་དང་། མི་གསོད་རྒྱུ་འཕྲོག་བྱེད་པའི་ཉེས་ཅན་ལ་རྡུང་རྡེག་གཏོང་བཞིན་ཡོད་ལ། བོད་ཁུལ་གྱིས་ས་ཆུ་སྲུང་འཛིན་གྱི་ལས་ལ་འབད་ནས་དབྱར་རྩྭ་དགུན་འབུ་དང་རི་སྐྱེས་རྩ་ཆེན་སྣ་ཚོགས་བརྐོས་ནས་སྐྱེ་ཁམས་ལ་གཏོར་བརླག་གཏོང་བར་བཀག་འགོག་བྱེད་བཞིན་ཡོད།
    ཁོ་ཚོའི་འགྲོ་རོགས་ནི་འདོ་རིགས་རྟ་ཕོ་ཡིན་ལ་འདོ་རིགས་རྟ་ཕོའི་གོང་ན་ཁོ་ཚོར་དཔའ་ཉམས་ཆེ་བ་དང་། མཐུ་ནུས་འཛོམས་པའི་སྒོ་ནས་རྩྭ་ཐང་སྟེང་དུ་འབྲོག་པ་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་པའི་ལས་སྒོ་བྱང་ཆུབ་པ་དང་རྩལ་ནུས་ཆེ་བའི་དཔའ་རྒོད་ཁག་ཅིག་ཡོད། ཁོ་ཚོ་ནི་རྨ་ཆུ་རྫོང་སྤྱི་བདེ་ཅུས་ཀྱི་སྐྱ་དམག་རུ་ཆེན་རེད།
    རྨ་ཆུ་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་གནས་པ་དང་སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དང་ཧུང་ཡོན་རྫོང་། མཛོད་དགེ་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་རྨ་སྟོད་རྫོང་དང་གཅིག་སྒྲིལ་རྫོང་གཉིས་ཀྱི་རྩྭ་ཐང་དང་ཁྱིམ་མཚེས་སུ་གནས་ཡོད་ལ། ཐུན་མོང་སྒོས་རྒྱ་ཁྱོན་ལ་ས་མུའུ་ཁྲི 50ལྷག་ཡོད་པའི་ཨ་གླིང་གི་ཆེས་ཆེ་བའི་རང་བྱུང་རྩྭ་ཐང་གྲུབ་ཡོད། སྲོལ་རྒྱུན་དང་ལོ་རྒྱུས། དཔལ་འབྱོར་དང་རིག་གནས་བཅས་ཀྱིས་རྐྱེན་གྱིས་སྤྱི་ཚོགས་བདེ་འཇགས་རྙོག་འཛིངས་ཡིན་ལ་འབྲོག་སྡེ་དང་མཐའ་མཚམས་ས་ཁུལ་དུ་ཕྱུགས་ཟོག་རྐུ་འཕྲོག་གི་གནས་ཚུལ་ཧ་ཅང་འབུར་ཐོན་ཡིན། རྩྭ་ཐང་བདེ་འཇགས་ཀྱི་གནས་ཚུལ་ཛ་དྲག་ཡིན་པའི་གནས་ཚུལ་ལ་གཞིགས་ནས 2003ལོའི་ཟླ 11པའི་ཚེས 23ཉིན། ཀན་སུའུ་ཞིང་ཆེན་གྱི་རྩྭ་ཐང་སྐྱ་དམག་རུ་ཁག་དང་བོ་སྟེ་རྨ་ཆུ་རྫོང་སྤྱི་བདེ་ཅུས་རྩྭ་ཐང་སྐྱ་དམག་རུ་ཆེན་བཙུགས། སྐྱ་དམག་རུ་ཆེན་གྱིས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་འབྲོག་ར་དང་སྤྱི་ལེ 1300ཡོད་པའི་ཞིང་ཆེན་རིམ་པའི་ས་མཚམས་ཀྱི་བདེ་འཇགས་སྐོར་ཞིབ་དང་རྣམ་པ་དོ་དམ་བྱེད་ཀྱིན་ཡོད།
    ལོ་ངོ་བཅུ་ཡི་རིང་ལ། སྐྱ་དམག་རུ་ཆེན་འདི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི 3500ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ་ཁྲི 1ལྷག་ཡོད་པའི་ཡངས་པའི་རྩྭ་ཐང་སྟེང་དུ་སྐོར་ཞིབ་ལས་འགན་ལག་བསྟར་བྱེད་བཞིན་ཡོད་པས། ཕན་ནུས་ལྡན་པའི་སྒོ་ནས་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་ཤིང་ས་དེ་གའི་མང་ཚོགས་ཀྱི་སེམས་ཁོང་གི“འགུལ་སྐྱོད་སྲུང་གདུགས”སུ་གྱུར་ཡོད། མིང་དོན་གཉིས་མཚུངས་ཀྱི་རྩྭ་ཐང་སྟེང་གི་ཞི་བདེ་ཕོ་ཉ་ཡི་ལས་འགན་དངོས་འཁུར་གྱིན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།