中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རང་ཁུལ་གྱི་སྡེ་ཁག་མང་བོས་མཉམ་འབྲེལ་སྒོས་རྫོང་དང་གྲོང་ཁྱེར་སོ་སོའི་ཞག་འདུག་དང་བཟའ་བཏུང་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་བྱས་པ།
དུས་ཚོད།2019-07-26 17:47:57     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་དང་གྲོང་ཁྱེར་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲིལ་བསྒྲགས་དང་། འཕྲོད་བསྟེན་དང་བདེ་ཐང་། རིག་གནས་དང་ཡུལ་སྐོར་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང 3བཙུགས་ནས“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་རྫོང་དང་གྲོང་ཁྱེར་གྱི་གྲོང་ཁུལ་ཁག་དང་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གི་ཞག་སྡོད་དང་བཟའ་བཏུང་ཁེ་ལས་ཆེ་འབྲིང་གི་བཟའ་བཏུང་དང་ཞག་སྡོད་ཁོར་ཡུག་དང་ཟས་རིགས་སྤུས་ཚད་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས།
    ལྟ་སྐུལ་ཞིབ་བཤེར་བྱས་པ་ལས་མངོན་པར། རྫོང་དང་གྲོང་ཁྱེར་ཁག་གི་ཞག་སྡོད་དང་བཟའ་བཏུང་ཁེ་ལས་ཀྱི་སྣེ་ལེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་དེ་སྔར་ལས་མངོན་གསལ་མཐོ་རུ་ཕྱིན་མོད། འོན་ཀྱང་བཅོས་སྒྲིག་གནད་ལ་མི་འཁེལ་བའི་གནད་དོན་སྔར་བཞིན་གནས་ཡོད།  ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་རྫོང་དང་གྲོང་ཁྱེར་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་ཆེད་དོན་སྒྲིག་བཅོས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། གཏན་འབེབས་ཀྱི་དུས་བཅད་ནང་ཞན་ཆ་སེལ་བ་དང་འབྲེལ་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་ཁུལ་གྱི“ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་སྣེ་ལེན་འབྲེལ་གཏུག་ཚན་ཆུང་ལ་ཡར་ཞུ་ཞུས་ནས། “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་བཟའ་བཏུང་དང་ཞབས་ཞུའི་བྱ་བ་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།