中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། སྐབས་གཉིས་པའི་ཀྲུང་གོའི(ཀན་སུའུ)ཀྲུང་སྨན་ཐོན་ལས་བཤམས་སྟོན་ཚོགས་འདུ་ལུང་ཞི་ནས་སྤེལ་འགོ་བརྩམས་པ།
དུས་ཚོད།2019-09-04 09:25:19     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། སྐབས་གཉིས་པའི་ཀྲུང་གོའི(ཀན་སུའུ)ཀྲུང་ལུགས་སྨན་རྫས་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུ“ལོ་ངོ་སྟོང་གི་སྨན་རྫས་ཤང”དེ་ཏིང་ཞི་གྲོང་ཁྱེར་ལུང་ཞི་རྫོང་དུ་སྤེལ་འགོ་ཚུགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་དང་། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་སོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་འཐུས་མི། ཕྱི་རྒྱལ་སྲིད་གཞུང་གི་ཀྲུང་གོར་སྡོད་པའི་གཞུང་ཚབ། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་ས་ཁུལ་གྱི་འབྲེལ་ཡོད་སྒྲིག་གཞིའི་འཐུས་མི། རྒྱལ་ཁབ་པུའུ་ཨུ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ཁེ་ལས་སོགས་ཀྱི་སྐུ་མགྲོན 2000ལྷག་བཤམས་སྟོན་དུ་ཞུགས།
    ཐེངས་འདིའི་སྨན་རྫས་དངོས་མང་བཤམས་སྟོན་ཚོགས་འདུ་ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། “ལྗང་མདོག་ལམ་གྱི་སྤུས་ཚད་མཐོ་བ”བརྗོད་དོན་གཙོ་བོར་བཟུང་ནས་དབུལ་སྐྱོར་ཐོན་ལས་དང་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྲུང་ལུགས་གསོ་རིག་སྨན་རྫས་ལ་བརྟེན་ནས་དབུལ་ཐར་མངོན་འགྱུར་བྱ་རྒྱུ་དེ་ཡིན། 
    ཐེངས་འདིའི་སྨན་རྫས་བཤམས་སྟོན་ཚོགས་འདུ་ལ་འགོ་ཚུགས་མཛད་སྒོ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་། “ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྲིད་ཇུས་གསར་བ་དང་། ཚད་གཞི་གསར་བ། ལག་རྩལ་གསར་བ། ཐོན་རྫས་གསར་བ་བཅས་ཀྱི་གླེང་སྟེགས་དང་། ཀན་སུའུ་ཞིང་ཆེན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་གླེང་སྟེགས། “རྒྱུད་གཅིག་ལམ་གཅིག”གི་ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་གླེང་སྟེགས། ཀན་སུའུ་ཞིང་ཆེན་གྱི་ཀྲུང་སྨན་སྨན་རྫས་ཀྱི་ཐོན་ལས་ཚོང་འགུག་ཚོགས་ཆེན། ཀན་སུའུ་ཞིང་ཆེན་གྱི་ཀྲུང་ལུགས་སྨན་རྫས་ཀྱི་སྨན་རྫས་ཉོ་ཚོང་ཉོ་སྒྲུབ་ཚོགས་ཆེན། དེ་བཞིན་ཟས་རིགས་དང་སྨན་རྫས་ཀྱི་ཁམས་གསོ་གླེང་སྟེགས། འགྲེམས་འཚོང་། ཡུལ་དངོས་རྟོག་ཞིབ་སོགས་ཀྱི་བྱ་འགུལ་ཁག 9སྤེལ། རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས 700ལྷག་གིས་སོ་སོའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས། 
    ཐེངས་འདིའི་སྨན་རྫས་འགྲེམས་ཚོགས་ཐོག་རང་ཁུལ་གྱི་འགྲེམས་ཁང་གིས་ཕྱོགས་ཡོངས་ནས་རང་ཁུལ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་འགྲེམས་སྟོན་བྱས་པ་དང་། གཤེར་བདར་འཆར་ཡོལ་ཆེན་པོ་ལས་རང་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་འཕེལ་རྒྱས་དྲིལ་བསྒྲགས་བྱས། རང་ཁུལ་གྱི་ཁུལ་བོད་སྨན་ཁང་གཙོ་བྱས་པའི་སྡེ་ཚན 6དང་ཁེ་ལས 50ལྷག་གིས་ཚོང་རྫས་བཤམས་སྟོན་བྱས།
    འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་ཀྲུང་དབྱང་དང་ཞིང་ཆེན་གྱི་འགོ་ཁྲིད་པས་བཤམས་སྟོན་ཁང་སོ་སོར་སྐོར་སྐྱོད་བྱས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།