中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རང་ཁུལ་གྱིས“ཟས་རིགས་གཙོ་བོའི་ཐབ་ ཚང”ཐོག་མ་ཅོ་ནེ་རྫོང་དུ་ལས་གཉེར་བྱས་འགོ་བརྩམས་པ།
དུས་ཚོད།2019-09-04 09:41:15     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། རང་ཁུལ་གྱི“བཟའ་རིགས་གཙོ་བོའི་ཐབ་ཚང”ཐོག་མ་དེ་ཅོ་ནེ་རྫོང་དུ་ལས་གཉེར་བྱེད་འགོ་བརྩམས། 
    ཐེངས་འདིའི“ཟས་རིགས་གཙོ་བོའི་ཐབ་ཚང”ནི་ཅོ་ནེ་རྫོང་འབྲུ་སྣུམ་གསོག་ཉར་ཀུང་སིའི་ལས་བཟོ་བ་དང་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གིས་མཉམ་དུ་འཛུགས་གཉེར་བྱས་ཤིང་། ཅོ་ནེ་རྫོང་གི་གནད་ཁེལ་དབུལ་སྐྱོར་གསོ་སྦྱོང་འཁོར་ཁང་དུ་གཏན་ཁེལ་བྱས། 
    ད་ལོའི་ཚུན་དུ། ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས“འབྲུ་སྣུམ་ལས་རིགས་རིགས་སྒྱུར་རིམ་སྤོར་བྱེད་ཤུགས་མགྱོགས་སུ་གཏོང་བ་དང་། འབྲུ་སྣུམ་བདེ་འཇགས་འགན་ལེན་བྱེད་པ། སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ”གཙོ་ཐིག་ཏུ་བཟུང་བ་དང་། སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པ་བྱ་ཐབས་སུ་བཟུང་ནས། ཚོང་གཉེར་ཚོང་ཁང་སྒེའུ་ཁུང་དུ་བྱས་ཏེ་སྡོད་མིའི་བློ་ཡིད་ཚིམ་པའི“བློ་བདེའི་འབྲུ་སྣུམ”དང“ཟས་རིགས་ཐབ་ཚང”གི་ལས་གཞི་གསར་གཏོད་བྱས། “ཟས་རིགས་གཙོ་བོའི་ཐབ་ཚང”གིས་བདེ་འཇགས་དང་ལྗང་མདོག སྦགས་བཙོག་མེད་པ་བཅས་ཀྱི་ས་གནས་དེ་གའི་ཟས་རིགས་རྒྱུ་ཆ་འདེམས་སྤྱོད་བྱས་པ་དང་། ལས་སྣོན་གྱི་ལྷུ་ཚིགས། ཁོར་ཡུག་གཙང་བ། ཞབས་ཞུ་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན། ཞོགས་ཟས་གཙོ་བྱས་ནས་མཁོ་འདོན་བྱས་པ་དང་དགུང་ཟས་རམ་འདེགས་སུ་བྱས་ཏེ་ཁྱད་ལྡན་ཕྱེ་ཐུག་སྣ་ཚོགས་དང་། འཚོ་བཅུད་ཟས་རིགས། སྡེབ་སྦྱོར་ཕུན་སུམ་ཚོགས་ལ་འཕྲོད་བསྟེན་བདེ་ཐང་བཅས་ལྡན། 
    “ཟས་རིགས་གཙོ་བོའི་ཐབ་ཚང”གི་ལས་གཞི་ལག་ལེན་བསྟར་བ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་འཛད་སྤྱོད་ཀྱི་དགོས་མཁོ་གསར་བ་དང་འཚམ་པ་དང་། འབྲུ་སྣུམ་ཟས་རིགས་བདེ་འཇགས་འགན་ལེན་བྱེད་པའི་དམངས་འཚོའི་ལས་གཞི་ཞིག་ཡིན། འབྲུ་རིགས་ལས་རིགས་བཟང་ཞིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། རང་ཁུལ་གྱི“ཟས་རིགས་གཙོ་བོའི་ཐབ་ཚང”ལས་གཉེར་བྱས་པ་དེ་ནི་འབྲུ་རིགས་ཁེ་ལས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་འཚམ་པར་བྱེད་པའི་ནུས་ལྡན་གྱི་ཚོད་ལྟ་ཞིག་ཡིན་ལ་དབུལ་སྐྱོར་མཁྲེགས་གཏོར་གྱི་གཙོ་གནད་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ཏན་ཏིག་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། གྲོང་ཁུལ་སྡོད་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།།  
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།