中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཡུལ་སྐོར་བས་རྨ་ཆུ་ནས་འབྲོག་པའི་འཚོ་བ་ཉམས་སུ་མྱོང་བ།
དུས་ཚོད།2019-09-04 09:44:33     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རྨ་ཆུ་རྫོང་གིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གནའ་བོའི་རིག་གནས་དྲིལ་བསྒྲགས་བྱ་ཆེད།  ཉེ་ཆར།  རྨ་ཆུ་རྫོང་རིག་གནས་ཁང་གིས་སྐོར་སྐྱོད་རིག་གནས་ཉམས་ལེན་ཁང་གི་སྒོ་ཕྱེ། 
    སྐོར་སྐྱོད་རིག་གནས་ཉམས་ལེན་ཁང་གིས་རིག་རྩལ་འཁྲབ་སྟོན་དང་སྲོལ་རྒྱུན་ཤེས་བྱ། འབྲོག་པའི་རིག་གནས་བཅས་ནང་དོན་ཁག་གསུམ་གྱི་ཐད་དྲིལ་བསྒྲགས་བྱས་ཤིང་། བོད་ཀྱི་དམངས་ཁྲོད་ཀྱི་རྡུང་ལེན་དང་འབྲོང་རྭའི་སྒྲ་སྙན་གྱི་རྡུང་རྩལ། གེ་སར་གླེང་བརྗོད་དང་གླིང་བུ་འབུད་ཚུལ། མངོན་མིན་རིག་གནས་ཤུལ་བཞག་ལས་གཞི། མི་རིགས་ཀྱི་སྒྱུ་རྩལ། ལག་ཤེས་ཐོན་རྫས། བཟའ་བཏུང་རིག་གནས། འབྲོག་པའི་འཚོ་བའི་གོམས་སྲོལ་སོགས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་ཡུལ་དངོས་ནས་ཉམས་སུ་མྱོང་དུ་བཅུག
    ཉེ་བའི་ལོ་ཤས་ནང་དུ། རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“གནམ་འོག་གི་རྨ་ཁུག་དང་བོ”“གེ་སར་རྒྱལ་བོའི་ཕ་ས”“འཛམ་གླིང་གི་ཆེས་མཛེས་པའི་བརླན་སའི་རྩྭ་ཐང”“ཀྲུང་གོའི་རྟ་རྒྱུགས་ཀྱི་ཕ་ས”“བོད་ཀྱི་དམངས་གླུ་དང་རྡུང་ལེན་གྱི་ཕ་ཡུལ”བཅས་ཡུལ་སྐོར་ཚོང་རྟགས་གྲགས་ཅན་ལྔ་ནན་གྱིས་སྐྲུན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་བྱ་བ་སྔོག་འདོན་དང་སྲུང་སྐྱོང་ཧུར་ཐག་བྱས་ཤིང་། བོད་ཀྱི་དམངས་གླུ་གསར་གཏོད་གོང་འཕེལ་གཏོང་བར་སྐུལ་མ་བཏང་བ་དང་། དམངས་ཁྲོད་ཀྱི་གླེང་བརྗོད་སྒྱུ་རྩལ་བ་གསོ་སྐྱོང་ཤུགས་ཆེན་བྱས། རྫོང་ཁོངས་ཀྱི་མངོན་མེད་ཤུལ་བཞག་རིག་གནས་ཐོན་ཁུངས་ཀྱི་རིགས་དང་གྲངས་ཚད། ཁྱབ་ཚུལ། འཚོ་གནས་ཁོར་ཡུག  སྲུང་སྐྱོང་བྱེད་ཚུལ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས། ཉེན་ཁར་ཐུག་པའི་མངོན་མིན་ཤུལ་བཞག་རིག་གནས་ལས་གཞི་ལ་བརྟག་དཔྱད་ཞིབ་མོ་བྱས་ཏེ། སྔ་རྗེས་སུ་མངོན་མིན་ཤུལ་བཞག་རིག་གནས་ལས་གཞི་རིགས 13གྱི་རྣམ་གྲངས 43གྱི་སྙན་ཞུའི་བྱ་བ་ལེགས་གྲུབ་བྱུང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།