༄༅།། ཅོ་ནེ་རྫོང་སྤྱི་བདེ་ཅུས་ཀྱིས་སྤྱི་ཚོགས་བདེ་འཇགས་གཙང་བཤེར་བྱ་འགུལ་སྤེལ་བ། - སྤྱི་ཚོགས། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་སྤྱི་བདེ་ཅུས་ཀྱིས་སྤྱི་ཚོགས་བདེ་འཇགས་གཙང་བཤེར་བྱ་འགུལ་སྤེལ་བ།
དུས་ཚོད།2019-09-04 09:49:07     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར་ཅོ་ནེ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་མངའ་ཁོངས་ནང་གི་མངགས་གཏོང་ཁང་ཁག་དང་མཉམ་དུ་སྤྱི་ཚོགས་བདེ་འཇགས་ཀྱི་གཙང་བཤེར་བྱ་འགུལ་སྤེལ། 
    བྱ་འགུལ་ཁྲོད་དུ། ཅོ་ནེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁོངས་གཏོགས་མངའ་ཁུལ་གྱི་བདེ་འཇགས་གནས་ཚུལ་ལ་དམིགས་ནས། སྡེ་ཚན་མང་བོའི་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་མངའ་ཁུལ་གྱི་མགྲོན་ཁང་དང་། KTVདྲ་ཁང་། ལུས་འཁྲུད་ཁང་དང་་རོལ་རྩེད་ཁང་སོགས་སུ་གཙང་བཤེར་བྱ་འགུལ་སྤེལ། རོལ་རྩེད་ཁང་ཁག་གིས“འཆལ་རྒྱན་དུག་གསུམ”དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གནས་ཚུལ་དང་དེ་བཞིན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཞན་དག་གཙང་བཤེར་ནན་ཏན་བྱས་ཤིང་། སྲང་ལམ་ཁག་གི་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་གྱི་ཁ་ལོ་བས་ཆང་འཐུང་ནས་རླངས་འཁོར་བསྐོར་བ། ལག་ཁྱེར་མེད་པར་རླངས་འཁོར་བསྐོར་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས། 
    གཙང་བཤེར་སྐབས་སུ་བསྡོསམ་པས་མགྲོན་ཁང 42དང་། དྲ་ཁང 4  KTV13 ཇ་ཁང 15 ཞག་སྡོད་བྱེད་པའི་ཡུལ་སྐོར་བའི་ཐོབ་ཐང་ཆ་འཕྲིན400ལྷག་དང་། དྲ་ཞུགས་མི་སྣའི་ཐོབ་ཐང་ཆ་འཕྲིན 100ལྷག་ལ་ཞིབ་བཤེར། གཏན་འབེབས་ལྟར་ཞག་སྡོད་འགྲུལ་བའི་ཐོབ་ཐང་ཆ་འཕྲིན་ཐོ་འགོད་མི་བྱེད་པའི་མགྲོན་ཁང 2ལ་ཆད་པ་བཅད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན 1དག་ཐེར་བྱས། ཡུལ་དངོས་སུ་མཱ་ཅང་སྒྲོག་ཙེ 1མེད་པར་བཟོས་པ་དང་། ལག་ཁྱེར་མེད་པའི་ཁ་ལོ་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད 2ཞིབ་བཤེར་ཐག་གཅོད་བྱས་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག 1ཞིབ་བཤེར་ཐག་གཅོད་བྱས།    གཙང་བཤེར་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་གཙོ་གནད་ལས་རིགས་དང་གནས་ཡུལ་གྱི་བདེ་འཇགས་སྒྲིག་ལམ་ནུས་ལྡན་ངང་ཚད་ལྡན་དུ་བཏང་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། ལས་རིགས་སྤེལ་གནས་ཀྱི་བདེ་འཇགས་འདུ་ཤེས་མཐོ་རུ་བཏང་ཞིང་རྫོང་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་རྒྱུན་མཐུད་ངང་སྲུང་སྐྱོང་བྱས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།