中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།འབྲུག་ཆུའི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།
དུས་ཚོད།2019-09-09 09:33:59     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ཟླ 8ཚེས 27ཉིན་འབྲུག་ཆུའི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།
    མཛད་སྒོའི་ཐོག་ཁེ་ལས་དང་སློབ་གླིང་གི་འགོ་ཁྲིད་དང་རྫོང་གི་འགོ་ཁྲིད་གཙོ་བོས་འབྲུག་ཆུ་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་། འབྲུག་ཆུའི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་དངོས་སྦྱོང་ལས་ཞུགས་ལྟེ་གནས། འབྲུག་ཆུའི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཉམ་ལས་སློབ་གླིང་བཅས་ཀྱི་སྒོ་བྱང་བཀལ་བ་རེད།
    རྒྱུས་ལོན་བྱུང་བར་གཞིགས་ན། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་སློབ་གསོ་ཐིང་སོགས་རིམ་པ་ཁག་དང་ཚན་པ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སྔར་གྱི་འབྲུག་ཆུ་རྫོང་ལས་རིགས་ལག་རྩལ་སློབ་གྲྭ་དེ་ཟླ 5བའི་ནང་འབྲུག་ཆུའི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭར་དངོས་སུ་རིམ་འཕར་བྱས། སློབ་གྲྭར་ས་མུའུ 8ཡོད་པ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་སློབ་གྲྭར་ཡོད་པའི་སློབ་མ་བསྡོམས་པས 770ཡས་མས་དང་དགེ་བཟོ་བ 57ཡོད་པ་དང་། ཆེད་ལས 6ཡོད་ལ་སློབ་ཁྲིད་འཛིན་གྲྭ 17ཡོད། དེ་ནི་རྫོང་དང་གྲོང་ཁྱེར 8ཀྱི་ལས་རིགས་སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོ་སྤེལ་བའི་འབྲིང་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་པས། ཆུ་ཚད་མཐོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དེ་བས་མང་བོ་གསོ་སྐྱོང་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་མི་སྣའི་འགན་ལེན་དང་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤྲོད་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།