中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་པིན་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་རྨ་ཆུ་གསེར་གཉེར་ཁེ་ལས་ཀུང་སིའི་གཏེར་འདོན་ཁུལ་བཅས་ཀྱི་ཡུལ་དངོས་སུ་སོང་
དུས་ཚོད།2019-09-18 14:40:45     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 3ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་བསང་ཆུ་དང་རྨ་ཆུ་རྫོང་གཉིས་སུ་སོང་ནས་གཏེར་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བྱས་ནས་སྐྱེ་ཁམས་གཏོར་བཤིག་གནད་དོན་གྱི་སྒྲིག་བཅོས་བྱ་བ་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་ཤིང་། རྨ་ཆུ་རྫོང་དུ་གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱས་ནས་སྐྱེ་ཁམས་གཏོར་བཤིག་གནད་དོན་གྱི་ཆེད་དོན་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་གཙོ་འགན་ཁུར། ཁོས་བསམ་གཞིགས་གཏིང་ཟབ་གཏོང་བ་དང་བསླབ་བྱ་དང་ལེན་བྱེད་པ། གནད་དོན་ཐག་གཅོད། འགན་འཁྲི་དོན་འཁྱོལ། བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ། གནད་དོན་སྒྲིག་བཅོས་མཐར་ཕྱིན་བྱེད་པ། སྐྱེ་ཁམས་སླར་གསོ་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་བསང་ཆུ་རྫོང་པིན་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་རྨ་ཆུ་གསེར་གཉེར་ཁེ་ལས་ཀུང་སིའི་གཏེར་འདོན་ཁུལ་བཅས་ཀྱི་ཡུལ་དངོས་སུ་སོང་ནས་སྐྱེ་ཁམས་གཏོར་བཤིག་གི་གནད་དོན་སྒྲིག་བཅོས་བྱེད་པ་དང་། སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱེད་སྐབས་ཁོས་མིག་སྔའི་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བལྟས་ན་གནད་དོན་སྒྲིག་བཅོས་བྱས་པ་ལ་འཕེལ་རིམ་ཆེན་པོ་མེད་པ་དང་ཕན་འབྲས་ཡག་པོ་ཡང་མེད། སྒྲིག་བཅོས་བྱས་པའི་བརྒྱུད་རིམ་ཁྲོད་བྱ་བར་ཞིབ་ཚགས་མི་ལྡན་པ་དང་། སྤྱོད་ཚུལ་ཡག་པོ་མིན་པ། འགན་འཁྲི་ཁ་གསལ་བོ་མིན་པ། ལྟ་སྐུལ་དོ་དམ་ནུས་ལྡན་མིན་པ་སོགས་ཀྱི་གནད་དོན་མངོན་གསལ་ལྡན་ཞེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་དང་བསང་ཆུ་རྫོང་གཉིས་དང་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློར་སློབ་སྦྱོང་ལེགས་པོ་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་དོན་འཁྱོལ་བྱ་དགོས་ལ། ནུས་ཤུགས་ཡོད་རྒུས་གཏེར་རིའི་ཕྱི་རོལ་གྱི་གཏོར་བཤིག་གི་གནས་ཚུལ་སྒྲིག་བཅོས་བྱས་ཏེ་གཏེར་རིའི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་གང་མགྱོགས་སྒོས་སྒྲིག་བཅོས་བྱ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། ལིའང་ཝུའེ་ཅི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་འཁོར་དང་བཅས་པས་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་ལ་འགྲོ་རོགས་བྱས་པ་མ་ཟད་གྲོས་ཚོགས་སུ་ཞུགས་ལ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་གིས་བསང་ཆུ་རྫོང་དུ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།