中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཆུ་རྫོང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར 70ལོན་པར་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ཚོགས་ཞིབ་དཔྱད་ཚོགས་འདུ་བསྡུས་པ།
དུས་ཚོད།2019-09-18 14:43:03     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། བསང་ཆུ་རྫོང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་གཏོད་བྱེད་པའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ 70འཁོར་བར་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ཚོགས་ཞིབ་དཔྱད་ཚོགས་འདུ་ཚོགས།
    ཚོགས་འདུའི་ཐོག་ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་དང་། ཀན་ལྷོ་ཁུལ་མི་རིགས་རིག་གནས་ཞིབ་འཇུག་ལྟེ་གནས་དང་། བསང་ཆུ་རྫོང་གི་ཆེད་མཁས་པ་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ཚོགས་ལ་ཞིབ་དཔྱད་བྱས།
    ཚོགས་འདུའི་ཐོག་དཔེ་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཞིབ་དཔྱད་ཆེད་མཁས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ཚོགས་ཀྱི་ནང་དོན་ངོ་སྤྲོད་མདོར་བསྡུས་ལ་ཉན་པ་དང་། དཔེ་དེབ་ཁག་ཅིག་ལ་ཁ་གསབ་གསལ་བཤད་བྱས་ཤིང་། ཇུས་འགོད་ཚན་པས་དཔེ་ཚོགས་དང་། དཔེ་རིས། སྒྲིག་གཞི་སོགས་ཇུས་འགོད་གནས་ཚུལ་ངོ་སྤྲོད་བྱས། ཞིབ་དཔྱད་ཚན་ཆུང་གི་རིགས་གཅིག་མཁས་ཅན་དང་དཔེ་དེབ་རྩོམ་པ་པོས་བསམ་འཆར་བརྗེ་རེས་བྱས་ཏེབསང་ཆུ་རྫོང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ 70འཁོར་བར་རྟེན་འབྲེལ་ཞུ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ཚོགསའདི་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་བསང་ཆུ་རྫོང་གི་རིག་གནས་ཁྱབ་ཁོངས་ཀྱི་བརྩམས་ཆོས་སྤུས་ལེགས་ཤིག་ཏུ་འགྱུར་བར་བརྩོན་ལེན་བྱ་དགོས་པ་བསྟན།
    ཤེས་རྟོགས་བྱུང་བར་གཞིགས་ན།  དཔེ་ཚོགས་དེ་བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག 2018ལོའི་ལོ་འགོར་ཇུས་འགོད་བྱས་པ་དང་དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་ནང་མ་དཔེ་ལེགས་གྲུབ་བྱུང་ནས་དཔྱད་ཞིབ་དུས་མཚམས་སུ་བསླེབས་ཡོད།  དཔེ་ཚོགས་ལ་རྒྱ་ཡིག་གི་པར་གཞི་དང་བོད་ཡིག་གི་པར་གཞི་གཉིས་སུ་དབྱེ་ཡོད།  པར་གཞི་དེའི་ནངརིག་གནས་ལྡན་པའི་བསང་ཆུ-བསང་ཆུ་རྫོང་གི་མངོན་མིན་ཤུལ་བཞག་རིག་གནསདང་། སྔོ་ལྗང་ཅན་གྱི་བསང་ཆུ -བསང་ཆུ་རྫོང་གི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་བྲིས བདེ་སྐྱིད་ལྡན་པའི་བསང་ཆུ -བསང་ཆུ་རྫོང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་དངོས་བྲིས ཞི་མཐུན་ལྡན་པའི་བསང་ཆུ -དམག་དཔོན་ཨ་པ་ཨ་བློ་ཚང་གི་བྱས་རྗེས་རླབས་ཆེན ཡིད་དབང་འཕྲོག་པའི་བསང་ཆུ -བསང་ཆུ་རྫོང་གི་རྩོམ་རིག་གསར་རྩོམ་ཕྱོགས་བསྒྲིགསསོགས་བསྡོམས་པས་དེབ 5ཡོད་པ་དང་། དེ་དག་གིས་གཙོ་བོར་ཉེ་བའི་ལོ་ཤས་རིང་བསང་ཆུ་རྫོང་གི་དཔལ་འབྱོར་དང་། རིག་གནས། དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་བྱ་བའི་གྲུབ་འབྲས་མཚོན་དུ་བཅུག་པ་དང་། བོད་ཡིག་པར་གཞི་ནི སྨོན་ལམ་རྒྱ་མཚོའི་རྩོམ་བསྡུསདངབླ་བྲང་གི་བོད་ཡིག་སྙན་ངག་ཕྱོགས་བསྒྲིགསསོགས་བསྡོམས་པས་དེབ 10ཡོད། དཔེ་ཚོགས་དེའི་ནང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ 70འཁོར་བའི་རིང་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་བསང་ཆུ་རྫོང་གི་མངའ་ཁོངས་སུ་འཕོ་འགྱུར་ཆེན་པོ་བྱུང་ཚུལ་ཞིབ་ཕྲ་བཀོད་ཡོད་པ་དང་། ཡི་གེ་དང་པར་རིས་ཐོག་ནས་བསང་ཆུ་རྫོང་གི་འཕེལ་རྒྱས་དང་འཕོ་འགྱུར་ཐོ་བཀོད་བྱས་ཏེ་རླབས་ཆེན་དུས་རབས་ལ་གུས་འདུད་ཞུས་པ་དང་། དཔེ་ཚོགས་དེ་ནི་བསང་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“རིག་གནས་སྣེ་ཁྲིད་ལས་གཞིའི”ལོ་འཁོར་གྱི་ནང་དོན་གཙོ་བོའི་གྲས་ཤིག་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།