中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་ཡུལ་སྐོར་དང་དབུལ་སྐྱོར་ཐོན་ལས་སྐོར་གྱི་ལྟ་སྦྱོང་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།
དུས་ཚོད།2019-09-18 14:45:55     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་།   ཞིང་སྡེའི་ཡུལ་སྐོར།  རང་བྱུང་ཁོར་ཡུག ཆེད་ལས་མཉམ་ལས་བཅས་ཀྱི་བྱ་བ་སྔར་ལས་ལྷག་པར་འཕེལ་རྒྱས་དང་སྐུལ་འདེད་གཏོང་ཆེད། ཟླ 8པའི་ཚེས 30ནས་ཚེས3 1ཉིན་གྱི་བར་དུ།  གཙོས་གྲོང་ཁྱེར་ཏང་ཨུའི་བཀོད་སྒྲིག་ལྟར། གཙོས་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྣེ་ཁྲིད་ཅིང་། གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་གྲོང་ཁྱེར་སྲིད་གཞུང་དང་། ཏང་གི་སློབ་གྲྭ་བཅས་ཀྱིས་རྩ་འཛུགས་བྱས་འོག   གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་སོ་སོའི་འགོ་ཁྲིད་དང་། ཤང་དང་གྲོང་རྡལ།  སྲང་ལམ་དོན་གཅོད་ཁང་། དེ་མིན་སྲིད་འཛིན་སྡེ་བ་དང་སྡེ་ཁུལ་སོ་སོའི་འགོ་ཁྲིད་གཙོ་བོ་བཅས་བསྡོམས་པས་མི 90ལྷག་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཞུགས།
   ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་བཀོད་སྒྲིག་ལྟར། གསོ་སྦྱོང་འཛིན་གྲྭར་ཞུགས་པའི་འགོ་ཁྲིད་རྣམས་སྔ་གཞུག་ཏུ་བསང་ཆུ་རྫོང་འབོ་ར་གྲོང་རྡལ་དང་ཨ་མཆོག་གྲོང་རྡལ།  ཆུ་སྔོན་ཤང་།  ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་དང་བསྒྲུབས་རྒྱོ་གྲོང་རྡལ་བཅས་ཀྱི་ཤང་དང་སྡེ་བ་རིམ་པའི་ལྟ་སྦྱོང་ལྟེ་གནས་བརྒྱད་ལ་ཟབ་ཞུགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ཐད་ཀྱི་འབུར་དུ་ཐོན་པའི་གྲུབ་འབྲས་དང་། རོང་འབྲོག་སྡེ་བའི་ཆེད་ལས་མཉམ་ལས་ཁང་གི་ཚད་ལྡན་གྱི་སྒྲིག་གཞི། དམངས་སྲོལ་ཁྱད་ལྡན་དང་ཞིང་སྡེའི་ཡུལ་སྐོར་ཐད་ཀྱི་མཛེས་སྡུག་གི་རྣམ་པ་བཅས་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་མ་ཟད། ལྟ་སྦྱོང་ལྟེ་གནས་རེ་རེ་ནས་ཁོང་ཚོའི་ཞིང་སྡེའི་ཡུལ་སྐོར་དང་དབུལ་སྐྱོར་ཐོན་ལས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཕུལ་དུ་བྱུང་བའི་ཐབས་ལམ་ལ་སློབ་སྦྱོང་བྱས་པ་དང་། ཆབས་ཅིག་ཏུ་མ་འོངས་པར་སྔོན་ཐོན་གྱི་བྱེད་ཐབས་དེ་དག་གཙོས་གྲོང་ཁྱེར་གྱི་དབུལ་སྐྱོར་ལས་དོན་དངོས་དང་མཐུན་པའི་སྒོ་ནས་ལག་ལེན་དང་དོན་འཁྱོལ་བྱ་བར་སྤོབས་པ་དང་ཡིད་ཆེས་བསྩལ།།                   (ཚེ་རིང་གིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།