中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ལིའུ་ལིན་སློབ་ཆུང་སློབ་གྲྭའི་ལོ་རྒྱུས་ཁང་གི་སྒོ་ཕྱེས་པ།
དུས་ཚོད།2019-09-18 14:59:54     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཅོ་ནེ་རྫོང་ལིའུ་ལིན་གྲོང་རྡལ་སློབ་ཆུང་གིས་སློབ་གྲྭའི་ལོ་རྒྱུས་ཁང་འགོ་རྩོམ་པའི་མཛད་སྒོ་སྤེལ།
   སློབ་གྲྭའི་འགན་ཁུར་བས་སློབ་གྲྭའི་ལོ་རྒྱུས་ཁང་འཛུགས་སྐྲུན་གྱི་གནས་ཚུལ་དང་དོན་སྙིང་མཚམས་སྦྱོར་བྱས་ནས། སློབ་གྲྭ་བཙུགས་མ་ཐག་གི་དཀའ་ཁག་དང་དེ་ནས་དཀའ་སྤྱད་འབད་བརྩོན་བྱས་པའི་བརྒྱུད་རིམ།  སྒྱུར་བཅོས་སྒོ་འབྱེད་ཚུན་དུ་མགྱོགས་མྱུར་ངང་གོང་འཕེལ་དུ་ཕྱིན་པའི་ལོ་རྒྱུས་བརྒྱུད་རིམ། མི་རབས་ནས་མི་རབས་བར་ལིའུ་ལིན་མི་ཡི་བློ་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱི་ལོ་ཟླ་ཡང་བསྐྱར་མཚོན་པར་བྱས་ཤིང་། སློབ་གྲྭ་དེ་རིམ་བཞིན་ཁུལ་ཡོངས་ཀྱི་སློབ་སྒྲུབ་སྤུས་ཚད་དང་ཕྱོགས་བསྡུས་ནུས་ཤུགས་རྩེ་གྲས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་སློབ་གྲྭ་རུ་གོང་དུ་འཕེལ་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཟིན་བྲིས་སུ་བཀོད་ཡོད།
    ལོ་རྒྱུས་ཁང་འགོ་བརྩམས་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་དང་། ལོ་རྒྱུས་ཁང་དུ་ཡིག་ཆ་དང་དངོས་རྫས། པར་རིས་སོགས་ཕྱོགས་ཡོངས་ཀྱི་ཐད་ནས་མི་རབས་ནས་མི་རབས་ཀྱི་ལིའུ་ལིན་མི་ཡི་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་གོང་འཕེལ་གྱི་སྙིང་སྟོབས་མངོན་པར་བྱས་ཤིང་། སློབ་གྲྭའི་གོང་འཕེལ་གྱི་ལོ་རྒྱུས་གནད་དུ་ཁེལ་ཞིང་དོན་བསྡུས་པ་དང་སློབ་གྲྭའི་གཏིང་ཟབ་པའི་རིག་གནས་རྒྱབ་ལྗོངས་དང་ཞུམ་པ་མེད་པའི་འབད་བརྩོན་གྱི་སྙིང་སྟོབས་གང་ལེགས་སྒོས་མཚོན་པ་དང་། སློབ་གྲྭའི་ལོ་བརྒྱ་ལྷག་གི་རིང་གི་སློབ་སྒྲུབ་ཀྱི་བརྒྱུད་རིམ་ཁྲོད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་མཚོན།
    སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣའམ་ཅོ་ནེ་རྫོང་སྣག་གཞོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཞུའེ་ཁྲི་རྨིན་གྱིས་སློབ་གྲྭར་སྣག་གཞོང་གཅིག་ཕུལ་བ་དང་། སློབ་གྲྭས་ཁོ་ལ་ཉར་ཚགས་ཀྱི་དཔང་ཡིག་བསྩལ། སློབ་གྲྭས་ད་དུང་སྐུ་མགྲོན་ཡོངས་ལ《ལིའུ་ལིན་སློབ་ཆུང་གི་ལོ་རྒྱུས》དེབ་རེ་ཕུལ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།