中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭས་གྲོང་ཁྱེར་ཡོངས་སུ་སློབ་གསོའི་སྒྲོག་བཤད་བྱ་འགུལ་སྤེལ་བ།
དུས་ཚོད།2019-10-16 09:44:12     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ཉེ་ཆར། གཙོས་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭས་རྐང་འཛིན་དགེ་རྒན་རྣམ་པ་བཀོད་སྒྲིག་བྱས་ཏེ། གཙོས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་འགར“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་སློབ་གསོའི་སྒྲོག་བཤད་བྱ་འགུལ་སྤེལ་བ་ཡིན། ཟླ 9བ་ནས་ད་ལྟའི་བར་དུ་ལས་ཁུངས 15ལ་སོང་ནས་སྒྲོག་བཤད་བྱས་ཤིང་། མི 1000ལྷག་སྒྲོག་བཤད་བྱ་འགུལ་དུ་ཞུགས། 
    རབས་གཉིས་པའི་བརྗོད་དོན་སློབ་གསོ་འགོ་བརྩམས་མ་ཐག་ཏུ་གཙོས་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭས་སྒྲོག་བཤད་སྤུས་ཚད་ཇེ་མཐོར་གཏོང་ཆེད། མགྱོགས་མྱུར་ངང་སློབ་སྦྱོང་གི་འཆར་གཞི་དང་བྱ་བའི་དམིགས་ཚད་གཏན་ཁེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གི་གཏམ་བཤད་གལ་ཆེན་དང་། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་སློབ་གསོའི་སྐོར་གྱི་བསམ་འཆར། དེ་མིན་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཙོ་བོ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར། ཞི་ཅིན་ཕིང་གི་ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་བདམས་བསྒྲིགས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་མཛད་རྗེས་བདམས་བསྒྲིགས་སོགས་ཀྱི་ནང་དོན་གཙོ་བོ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་སྒྲོག་བཤད་བྱ་བར་རྨང་གཞི་བརྟན་པོ་བཏིང་། 
    བསྟུད་མར་ཟླ་ཕྱེད་ལྷག་ལ་སྒྲོག་བཤད་བྱས་པ་བརྒྱུད་དེ་གྲོང་ཁྱེར་ཡོངས་ཀྱི་གུང་ཁྲན་ཏང་ཡོན་རྣམ་པས་ཅི་ཞིག་ནི་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་ཕུགས་འདུན་དང་འགན་འཁྲི་ཡིན་པ་དང་། ཅིའི་ཕྱིར་ང་ཚོའི་ཏང་ནང་ཁུལ་དུ་ཐོག་མའི་ཕུགས་འདུན་མི་བརྗེད་པར་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་སློབ་གསོ་སྤེལ་དགོས་པའི་དམིགས་ཡུལ་དང་། དོན་སྙིང་། གལ་ཆེན་རང་བཞིན་བཅས་ལ་གོ་རྟོགས་ཟབ་མོ་བླངས་ཤིང་། ལྷག་པར་དུ་འདི་ལྟ་བུའི་བརྗོད་དོན་སློབ་གསོ་སྤེལ་ན་རྒྱ་ཆེའི་ཏང་ཡོན་རྣམ་པའི་ཀུན་སློང་དང་སྤྱོད་ལམ་གང་ཐད་ལ་ཧ་ཅང་ཕན་པ་ཡོད་པའི་ངེས་ཤེས་ཟབ་མོ་ཐོབ། ཐེངས་འདིའི་སྒྲོག་བཤད་བྱ་འགུལ་དུ་ཞུགས་པའི་ཏང་ཡོན་རྣམ་པས་བཤད་རྒྱུར། ང་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོའི་གོ་སྐབས་དང་བསྟུན་ནས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རང་ཉིད་ཏང་ཡོན་ཚད་ལྡན་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱ་རྒྱུ་དང་། ལྷག་པར་དུ་བདེ་སྐྱིད་དང་མཛེས་སྡུག་གི་གཙོད་གྲོང་གསར་བ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཡོད་དགུ་འབུལ་རྒྱུ་ཡིན་ཟེར།།    
                                                                                                                                  (ཚེ་རིང་གིས།)




Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།