中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཡོངས་ཀྱི་ནགས་རྩྭ་མ་ལག་གིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བྱེད་སྒོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།
དུས་ཚོད།2019-10-21 09:43:32     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཡོངས་ཀྱི་ནགས་རྩྭ་མ་ལག་གིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བྱེད་སྒོའི་གསོ་སྦྱོང་འཛིན་གྲྭ་གཙོས་སུ་བསྒྲུབས།
    གསོ་སྦྱོང་འཛིན་གྲྭས་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དོན་སྙིང་ཤེས་ནས། རང་ཉིད་ཀྱིས་སློབ་སྦྱོང་བྱ་དགོས་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་པ་དང་། ནན་ཏན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འབྲེལ་ཡོད་བྱེད་སྒོའི་ཤེས་བྱ་སློབ་སྦྱོང་བྱས་ཏེ། ཁྲིམས་སྐྱོང་ཁྲོད་དུ་འཕྲད་པའི་གནད་དོན་ཐད་ལ་བསམ་བློ་བརྗེ་རེས་དང་ཞིབ་འཇུག་བྱས་ནས། ཐུན་མོང་ཐོག་སྲིད་འཛིན་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་བཏང་སྟེ། རྗེས་ཕྱོགས་ཀྱི་ནགས་རྩྭའི་ཁྲིམས་སྐྱོང་བྱ་བ་བདེ་བླག་ངང་གོང་འཕེལ་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས། སློབ་སྦྱོང་ལ་ཤུགས་བསྣན་ཏེ་ནགས་རྩྭའི་སྲིད་འཛིན་ཁྲིམས་སྐྱོང་རུ་ཁག་གི་སྤྱིའི་བྱང་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་། ཧུར་ཐག་གིས་སློབ་སྦྱོང་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོར་འདེགས་སུ་བཏང་བ་དང་། ཧུར་ཐག་འབད་ཐག་གིས་བྱེད་སྒོའི་འཇོན་ཐང་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།
    གསོ་སྦྱོང་འཛིན་གྲྭས་ཚུལ་ལྡན་གྱིས་ཁྲིམས་སྐྱོང་བྱས་ཏེ། ཧུར་ཐག་གིས་སྲིད་འཛིན་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཡིད་ལ་བརྟན་པོར་བཟུང་ནས། ཁྲིམས་སྐྱོང་མཛུབ་སྟོན་བསམ་བློ་ཡོ་བསྲང་དང་ཉམས་མྱོང་ཕྱོགས་སྡོམ་ནན་མོ་བྱ་དགོས་པ་དང་། རང་རྟོགས་ཀྱིས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་དང་ནགས་རྩྭའི་ཁྲིམས་སྐྱོང་བྱ་སྤྱོད་ཚད་ལྡན་གཏོང་དགོས་པ་དང་། སྲིད་འཛིན་བསྐྱར་གྲོས་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པར་དུ་སྲིད་འཛིན་བསྐྱར་གྲོས་བྱ་བ་ཡག་པོ་བསྒྲུབས་ནས། སྤྱི་དམངས་ཀྱི་བསྐྱར་གྲོས་དབང་ཆ་འགན་ལེན་གང་ལེགས་བྱ་དགོས། དུས་མཚུངས་སུ། ཁྲིམས་སྐྱོང་མི་སྣའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཆེ་རུ་བཏང་ནས། ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྔར་ལས་ལྷག་པར་དུ་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་སྲོལ་འབྱེད། ཁྲིམས་སྐྱོང་སྲིད་འཛིན་བྱ་བར་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་ནགས་ཡུལ་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་གོང་འཕེལ་གཏོར་བར་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།