中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུས་རྒྱལ་སྟོན་དུས་ཆེན་སྐབས་སུ་རོགས་སྐྱོར་འཚམས་འདྲི་བྱ་འགུལ་སྤེལ་བ།
དུས་ཚོད།2019-10-21 09:44:52     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)“ཡར་ལོངས་ཤིག  བྲན་གཡོག་བྱེད་མི་འདོད་པའི་མི་རྣམས་་་་་་”ཟླ 10བའི་ཚེས 1ཉིན་གྱི་སྔ་དྲོའི་ཆུ་ཚོད 9ཡི་སྟེང་དུ། རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཡི་ཁྲོད་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་རོགས་སྐྱོར་སྡེ་བ་གཙོས་གྲོང་ཁྱེར་སྣ་བུག་གྲོང་རྡལ་གྱི་མཐའ་བ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་ནས་དལ་བུར་ཡར་ལ་བཏེགས། དུས་ཚོད 10ཡི་སྟེང་དུ། མཐའ་བ་སྡེ་བ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གི་བརྙན་འཕྲིན་གྱི་མདུན་དུ་མི་ཚོགས་ཀྱིས་ཁེངས་འདུག  ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་བྱ་བྱེད་མི་སྣའི་རྩ་འཛུགས་འོག  རྒྱལ་དར་སྒྲེང་བའི་མཛད་སྒོ་ལ་ཞུགས་པའི་མཐའ་བ་སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་དང་འབྲོག་པ་མང་ཚོགས་དགའ་སྤྲོའི་ངང་འཛོམས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར 70ལོན་པའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ་ལ་བལྟས།
    སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་དང་འབྲོག་པ་མང་ཚོགས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་དང་དམག་གཟིགས་ཀྱི་གནས་ཚུལ་ལ་བལྟས་པ་ནི་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་ད་ལོའི“བཅུ་བའི་ཚེས་གཅིག”གི་རོགས་སྐྱོར་འཚམས་འདྲི་བྱེད་པའི“བྱ་འགུལ་གསར་བ”ཞིག་ཡིན། དམིགས་ཡུལ་ནི་འབྲོག་པ་མང་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་དང་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་མེས་རྒྱལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བར་མྱོང་ཚོར་བྱས་ཏེ། ཏང་གི་བཀའ་དྲིན་དྲན་ཞིང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བར་བྱ་རྒྱུ་དེ་ཡིན། དམག་གཟིགས་མཛད་སྒོ་ལ་བལྟས་ཚར་རྗེས། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་རོགས་སྐྱོར་བྱ་བྱེད་མི་སྣས་གཙོས་གྲོང་ཁྱེར་སྣ་བུག་གྲོང་རྡལ་མཐའ་བ་སྡེ་བ་དང་མཛོད་དགེ་སྟོད་མ་ཤང་སྒར་གསར་སྡེ་བའི་དབུལ་ཕོངས་སློབ་མ 12ལ་སློབ་སྐྱོར་མ་དངུལ་སྒོར 15000སྤྲད། དེའི་ཁྲོད་དུ་འབུམ་རམས་པའི་ཞིབ་འཇུག་སློབ་མ 1ལ་སྒོར 3000དང་རམ་འབྱམས་པའི་ཞིབ་འཇུག་སློབ་མ 1ལ་སྒོར 2000སྤྲད། དངོས་གཞིའི་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མ 10ལ་མི་རེར་སྒོར 1000རེ་སྤྲད།
    ཉེ་བའི་ལོ་འགའི་རིང་ལ། ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུས་ཏང་གི་ཚོགས་ཆེན་བཅུ་དགུ་བས་བཏོན་པའི“དབུལ་སྐྱོར་དེ་བློ་སྐྱོར་རིག་སྐྱོར་ལ་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱ་དགོས”ཞེས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པས། ཐོན་ལས་རོགས་སྐྱོར་བྱེད་ཚད་དྲག་ཏུ་བཏང་བའི་ཞོར་དུ། རོགས་སྐྱོར་སྡེ་བའི་མང་ཚོགས་ཀྱི་ནང་གནས་ཀྱི་སྒུལ་ཤུགས་སྐུལ་སློང་བྱེད་པའི་མཐོང་ཆེན་བྱས། ལོ་རེའི་མཐོ་རྒྱུགས་མཇུག་སྒྲིལ་རྗེས། སློབ་གྲྭ་ཆེ་འབྲིང་ལ་རྒྱུགས་འཕྲོད་པའི་དབུལ་ཕོངས་སློབ་མར་སློབ་སྐྱོར་བྱས་ཏེ། རོགས་སྐྱོར་སྡེ་བའི་མང་ཚོགས་ཀྱིས་བྱིས་པའི་སློབ་གསོར་མཐོང་ཆེན་དང་རོང་འབྲོག་སྡེའི་སློབ་མས་སློབ་གཉེར་ཧུར་ཐག་བྱེད་པར་སྐུལ་མ་བཏང་བ་དང་། མི་རབས་ནས་མི་རབས་བར་དབུལ་ཕོངས་བརྒྱུད་སྤྲོད་བྱེད་པའི་རྣམ་པ་རྩ་བ་ནས་གཏོར་གང་ཐུབ་བྱས། རོགས་སྐྱོར་ཐོབ་པའི་སློབ་མ་ཚོས་སྤྲོ་སེམས་འཁོལ་བའི་ངང“ང་ཚོས་སློབ་སྦྱོང་ཡག་པོ་དང་ཆེད་ལས་ཤེས་བྱ་ཧུར་ཐག་གིས་སྦྱངས་ནས། ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བཏང་སྟེ། སློབ་ཐར་ཕྱིན་རྗེས་ཕ་ཡུལ་དང་མེས་རྒྱལ་གྱི་དྲིན་ལན་འཇལ་ངེས་ཡིན། ཏང་དང་རྩ་འཛུགས། རོགས་སྐྱོར་སྡེ་ཚན་ལ་ཐུགས་རྗེ་ཆེ”ཞེས་ཞུས། ཁོ་ཚོས་ད་དུང་ཕུལ་བྱུང་སློབ་སྲོལ་དར་སྤེལ་དང་ན་གཞོན་སློབ་མར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཧུར་ཐག་གིས“ལྡན་བཞིའི”གཞོན་ནུ་བྱས་ནས་ཕ་ཡུལ་དང་སྤྱི་ཚོགས་ཀྱི་ཆེད་དུ་ལེགས་སྐྱེས་གང་མང་འབུལ་རྒྱུའི་བསམ་ཚུལ་བསྟན།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།