中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་འཕྲལ་སྒྲུབ་དོ་དམ་ཅུས་ཀྱིས་ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་སློབ་གསོའི་རང་འདུན་འཚམས་འདྲིའི་བྱ་འགུལ་སྤེལ་བ།
དུས་ཚོད།2019-10-23 09:24:52     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཉེ་ཆར། ཀླུ་ཆུ་རྫོང་འཕྲལ་སྒྲུབ་དོ་དམ་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུཊ་བྱས་ཏེ་རྫོང་རྒན་གསོ་ཁང་དུ་ཐོག་མའི་ཕུགས་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་སློབ་གསོའི་རང་འདུན་འཚམས་འདྲིའི་བྱ་འགུལ་སྤེལ།
    ཐེངས་འདིའི་བྱ་འགུལ་ཁྲོད། ཏང་ཡོན་ལས་བྱེད་པས་རྒན་གསོ་ཁང་གི་རྒན་རྒོན་ཚོའི་ཁང་བའི་ནང་གཙང་སྦྲ་བྱེད་པ་དང་ལྭ་བ་བཀྲུ་བ། ཟ་མ་སྐོལ་བ་སོགས་བྱས་ཏེ་ཐོག་མའི་ཕུགས་འདུན་ནི་རང་གི་འགན་འཁྲི་དང་མི་ཚེའི་ཕུགས་འདུན་ཡིན་པའི་བློ་སེམས་བརྟན་པོ་ཡིད་ལ་ངེས་པར་བྱས་པ་དང་། དེ་དང་ལྷན་དུ་ཏང་གི་རྩ་བའི་ལམ་ཕྱོགས་དང་ཡང་དག་པའི་སྲིད་ཇུས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱེད་པར་དམིགས་ནས་རྒན་རྒོན་ཚོ་དང་བར་ཐག་མེད་པའི་སྒོ་ནས་ཁ་བརྡ་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་ཐོག་མའི་ཕུགས་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཆེད་དུ་ཡིན་པའི་ངེས་ཤེས་ཡིད་ལ་བརྟན་པོར་ངེས་ཤིང་། བྱ་སྤྱོད་དངོས་ཀྱི་ཁྲོད་ནས་རྒན་རྒོན་ཚོར་དྲོད་ཁོལ་གསར་བ་བསྐྱལ་བ་དང་། རང་ཉིད་ཀྱི་ཏང་གཤིས་དང་ནུས་པ་མཐོར་འདེགས། སྤྱོད་ཚུལ་ལེགས་བཅོས། ལས་དོན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་བརྩོན་ལེན་བྱེད་པར་ཕན་འབྲས་ཐོབ།།                           
                                                                                                                                 (ཀླུ་སྲས་ཀྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།