中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱས་ཏེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།
དུས་ཚོད།2019-10-23 09:35:37     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཀླུ་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང 58ཀྱི་གྲས་ཤིག་དང་ཀན་སུའུ་ཞིང་ཆེན་གྱི“ཁུལ་གཉིས་དང་རྫོང་གཅིག”གི་ཁྲོད་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་གི་གྲས་ཤིག་ཡིན། 2014ལོ་ནས་བཟུང་སྟེ། རིམ་བསགས་ཀྱིས་བརྩིས་ན་དབུལ་ཕོངས་ཁྱིམ་ཚང 1759ཡི་མི་གྲངས 8307དབུལ་ཐར་བྱས་ཟིན་པ་དང་། དབུལ་ཕོངས་སུ་འགྱུར་ཚད 24.7%ནས 0.66%བར་མར་ཆག་ཡོད། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར 5524ནས་སྒོར 9076བར་འཕར་སྣོན་བྱུང་བ་དང་། 2018ལོར་ཡིག་ཚགས་བཟོས་ནས་བྱང་བུ་བསྐྲུན་པའི་དབུལ་ཕོངས་སྡེ་བ་ཚང་མ་དབུལ་ཐར་བྱེད་པ་མངོན་འགྱུར་བྱུང་། 2019ལོའི་ཟླ 4བར་ཞིང་ཆེན་རིམ་པའི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས 2020ལོར་ཁུལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་དམིགས་འབེན་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
    ཀླུ་ཆུ་རྫོང་གིས་དབུལ་ཐར་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པའི་འགག་རྩ་ནི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཨང་དང་བོར་བཞག་ནས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་ལག་བསྟར་ནན་ཏན་བྱས་ཏེ། གང་ཞིག་འཚམ་ན་དེ་འཕེལ་རྒྱས་གཏོང་རྒྱུ་དེ་རེད།
    དབུལ་ཐར་མཁྲེགས་གཏོར་བྱས་ན་ཐོན་ལས་ནི་འདེགས་སྐྱོར་དང་ཡོང་འབབ་འཕར་སྣོན་ནི་འགག་རྩ་ཡིན། ཀླུ་ཆུ་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་ཨང་དང་བོར་བརྩིས་ནས་རོང་འབྲོག་སྡེ་བའིའགྱུར་ལྡོག་གསུམ”གྱི་བཅོས་བསྒྱུར་ལ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས།
    ཀླུ་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། ཤུགས་ཆེན་པོས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་དང་ཐབ་ཆགས་སྡོད་ཁང་སྒྱུར་བཀོད་བྱེད་པ་དང་། ཧུར་ཐག་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་རོང་འབྲོག་སྡེ་བའི་གད་སྙིགས་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ལ་སྣེ་ཁྲིད་བྱེད་པ་དང་བོད་རིགས་ས་ཁུལ་ཡོངས་སུ་དཔེ་སྟོན་གྱི་རང་བཞིན་ལྡན་པའི་སྐྱེ་ཁམས་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས།
    ཀླུ་ཆུ་རྫོང་གིས་ཐུན་མོང་མ་ཡིན་པའི་ས་ཁམས་གནས་ཡུལ་དང་། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས། བབ་ཆགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་ལྟ་སྐོར་དང་། སྤྲོ་གསེང་། དམངས་སྲོལ་ཉམས་ལེན་སོགས་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་བཏང་།
    ཀླུ་ཆུ་རྫོང་གིས་ཐོན་ལས་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་དུ་བརྩིས་ནས་ཁྱད་ལྡན་བབ་བཟང་གི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ཏེ། འབྲི་གཡག་དང་། ལུག བོད་ཕག ཀྲུང་བོད་སྨན་རྩྭ། འོད་ཤུགས་དབུལ་སྐྱོར། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་སོགས་ལེགས་སྒྱུར་དང་རིམ་སྤར་བྱེད་པར་ཤུགས་བསྣན་ནས་ཐོན་ལས་འཆར་འགོད་ཉིན་རེ་བཞིན་ལུགས་མཐུན་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་བཏང་བས་དབུལ་ཕོངས་མི་གྲངས་བརྟན་པོའི་ངང་དབུལ་ཐར་བྱེད་པར་སྐུལ་ཁྲིད་བྱས།
    མིག་སྔའི་བར་དུ་རྫོང་ཡོངས་སུ་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང 274བཙུགས་པ་དང་། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི 1050བཀོད་སྒྲིག་བྱས་ཏེ། རྫོང་ཡོངས་ཀྱི་ཆེད་ལས་མཉམ་ལས་ཁང་དང་དབུལ་སྐྱོར་འཁོར་ཁང 43ལ་རོགས་སྐྱོར་བྱས་ནས་དབུལ་ཕོངས་ཁྱིམ་ཚང 1388ལ་སྐུལ་ཁྲིད་བྱས། 2019ལོའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཁྲོད་ནས་སྒོར་ཁྲི 568.8བཀོད་སྒྲིག་བྱས་ཏེ། སྲད་དཀར་དང་། ཏང་ཀུན། ལི་གྲོ་སོགས་སྨན་རྩྭ་མུའུ་ཁྲི 1.14བཏབ་ནས་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་ཡོང་འབབ་འཕར་སྣོན་བྱུང་དུ་བཅུག།
                                                                                                          (ཀན་སུའུ་དཔལ་འབྱོར་དྲ་བ་ལས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།