中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅། ཁུལ་སྲིད་གཞུང་གི་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པས་ཉེན་ཟོན་སློབ་གསོའི་ཆེད་དོན་ལེ་ཚན་ལ་བལྟས་པ།
དུས་ཚོད།2019-10-25 16:06:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ལས་ཁུངས་ཏང་ཨུས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ། གཅིག་བསྡུས་ཀྱིས་ཉེན་ཟོན་སློབ་གསོའི་ཆེད་དོན་ལེ་ཚན《རང་འདོད་ཀྱི་དབང་ཆ -- ཧུ་རུང་ཀུའེ་ཡི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བཟོས་པའི་ཉེན་ཟོན་ཟིན་ཐོ》ལ་བལྟས།
    ཉེན་ཟོན་སློབ་གསོའི་ཆེད་དོན་ལེ་ཚན་ལ་བལྟས་རྗེས། ཚང་མས་ཧུ་རུང་ཀུའེ་ཡི་ཁྲིམས་འགལ་སྒྲིག་འགལ་དོན་རྐྱེན་དེ་ཕྱི་ཚུལ་ནས་བལྟས་ན་བག་མེད་ལོངས་སྤྱོད་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཆེན་པོ་སྤེལ་མོད། དོན་དངོས་སུ་ཆབ་སྲིད་ལངས་ཕྱོགས་འཆུག་ནས་ཏང་གི་དམིགས་ཡུལ་དང་འགལ་བ་དང་། ཕྱི་ཚུལ་ནས་བལྟས་ན་ང་ཆེ་ང་བཙན་དང་མངོན་བརྩི་ལྐོག་འགལ་བྱེད་པ་དེ་དོན་དངོས་སུ་ཏང་ཀྲུང་དབྱང་གི་བླང་བྱ་དང་ཏང་གི་ཆབ་སྲིད་འགོ་ཁྲིད་ལ་རྒྱབ་འགལ་བྱས། ཕྱི་ཚུལ་ནས་བལྟས་ན་ཤོག་ཁག་ཚོགས་པ་བསྒྲིགས་ནས་ཁེ་ཕན་གཉེར་བ་དེ་དོན་དངོས་སུ་ཆབ་སྲིད་ཀྱི་དད་མོས་དང་ཆབ་སྲིད་ཀྱི་ངོ་བོ་དོར་བ་རེད། དེར་བརྟེན། དེའི་གནོད་འཚེ་རང་བཞིན་ལ་ཤེས་རྟོགས་ཟབ་མོ་ཐོབ་ནས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་དགོས་པ་མ་ཟད། འཇིག་རྟེན་ལྟ་བ་དང་མི་ཚེ་ལྟ་བ། རིན་ཐང་ལྟ་བ། དབང་ཆའི་ལྟ་བ་ཡང་དག་པ་བཙུགས་ནས། དུས་དང་རྣམ་པ་ཀུན་ཏུ་དབང་ཆ་ཐམས་ཅད་མི་དམངས་ལ་དབང་ཞིང་མི་དམངས་ལ་ཞབས་ཞུ་ཞུ་དགོས་པ་ཡིད་ལ་བརྟན་པོར་ངེས་ནས། དབང་ཆ་ནན་སྤྱོད་དང་དབང་ཆ་གཙང་སྤྱོད། ཁྲིམས་ལྟར་དབང་འཛིན་བྱས་ཏེ། མུ་མཐུད་དུ“ཞབས་ཞུ་གསུམ”གྱི་བྱ་བའི་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ངོས་འཛིན་གཅིག་མཐུན་བྱུང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།