中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཨུའི་སྒྲིག་བཟོ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས“སྐུལ་འདེད་གསུམ”གྱི་བརྗོད་དོན་གཙོ་བོའི་སློབ་གསོ།
དུས་ཚོད།2019-10-25 16:15:43     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཨུའི་སྒྲིག་བཟོ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལ་སྐུལ་འདེད་བཏང་། སྔོན་ཐོན་མིག་དཔེ་སློབ་སྦྱོང་བྱེད་པའི་གོ་སྐབས་དང་བསྟུན་ནས་ཏང་ཡོན་ལས་བྱེད་པའི་བསམ་བློའི་གོ་རྟོགས་མཐོར་འདེགས་བཏང་བར་སྐུལ། བརྗོད་དོན་གཙོ་བོར་གྲོས་ཞིབ་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པས་རང་གིས་རང་ལ་ཞིབ་ལྟ་བྱེད་པར་སྐུལ། སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གིས་ཡུལ་དངོས་ནས་མཛུབ་སྟོན་བྱས་ཏེ་སྒྲིག་བཟོའི་ལས་དོན་ཁག་གོ་རིམ་ཡོད་པར་སྤེལ་བར་དོན་འཁྱོལ་སྐུལ།
    སྔོན་ཐོན་མིག་དཔེ་སློབ་སྦྱོང་བྱས་ཏེ་བསམ་བློའི་གོ་རྟོགས་མཐོར་འདེགས་བཏང་བར་སྐུལ།  ཧུར་ཐག་གིས་སྔོན་ཐོན་མིག་དཔེ་སློབ་གསོ་སྤེལ་ཞིང་། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ 《པ་པུའུ་ཧྲ་ཡི“ལིའུ་རྒན་པོའི”མི་རབས་གསུམ་གྱི་བྱེ་བཅོས་སྔོན་ཐོན་བྱས་རྗེས》ཀྱི་གློག་བརྙན་ལ་བལྟས་རྗེས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྔོན་ཐོན་སློབ་སྦྱོང་བྱེད་པའི་ཆོད་སེམས་དང་ཡིད་ཆེས་དྲག་ཏུ་བཏང་བ་མ་ཟད་། དཀའ་ངལ་ལ་མི་འཛེམ་པར་གསར་གཏོད་ཀྱི་སྙིང་སྟོབས་དང་སྒུལ་ཤུགས་སྐུལ་ཞིང་། ལས་སྒྲུབ་ལས་གཏོད་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་།
    བརྗོད་དོན་ལ་གྲོས་ཞིབ་བྱས་ཏེ་རང་གིས་རང་ལ་ཞིབ་ལྟ་བྱེད་པར་སྐུལ།  “སྔོན་ཐོན་མིག་དཔེ་ལ་སློབ་སྦྱོང་དང་བརྩོན་སེམས་གཅིག་ཏུ་བསྡུས་ནས། ཁུལ་ཡོངས་ཀྱི་སྒྲིག་བཟོ་ལས་དོན་སྐུལ་འདེད་བཏང་བའི”བརྗོད་དོན་གཙོ་བོར་གྲོས་ཞིབ་བྱས་ཏེ། སྔོན་ཐོན་མིག་དཔེ་གཞིར་བཟུང་ནས། རང་ཉིད་ཀྱི་གནད་དོན་དང་སྐྱོན་ཆར་ཞིབ་ལྟ་བྱས་ཤིང་། མི་འདང་སར་ཁ་གསབ་ཀྱིས་ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་བཏང་།
    མཛུབ་སྟོན་བྱ་བར་ཤུགས་བསྣན་ནས་བྱ་བཞག་དོན་འཁྱོལ་བྱེད་པར་སྐུལ།  ཁུལ་ཨུའི་སྒྲིག་བཟོ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་འགོ་ཁྲིད་ཚན་ཁག་གིས་ཁུལ་ཨུའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་བཅུ་གཅིག་པ་གདན་དྲངས་ནས། སྒྲིག་བཟོ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་འགུལ་ལ་ཡུལ་དངོས་ནས་མཛུབ་སྟོན་བྱས་པ་མ་ཟད། མཛུབ་སྟོན་ཚན་ཆུང་གི་གྲོས་གཞི་དང་བླང་བྱ་དང་ལེན་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་སྒྲིག་བཟོའི་ལས་སྒོའི་བྱ་བ་དང་ཟུང་འབྲེལ་གྱིས། གཞུང་ལུགས་སློབ་སྦྱོང་དང་ཆེད་དོན་གྲོས་ཞིབ། ཉེན་ཟོན་སློབ་གསོ། སྔོན་ཐོན་སློབ་སྦྱོང་། ཆེད་དོན་རྟོག་ཞིབ། གནད་དོན་ཞིབ་ལྟ་སོགས་བྱ་འགུལ་ཁག་གི་ཁྲོད་སྒྲིག་བཟོ་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་དམ་ཚགས་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་དུས་མཚུངས་སུ། སྒྲིག་གཞིའི་སྒྲིག་བཟོ་བྱ་བ་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་ཆེན་པོ་བཏང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།