中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། <I@ཀན་སུའུ2019ལོའི་དྲ་རྒྱའི་དབུལ་སྐྱོར་དངོས་མང་སྟོན་ཚོགས>ཀྱི་དྲ་རྒྱའི་དབུལ་སྐྱོར་བྱ་འགུལ་ཀན་ལྷོ་རུ་བསྐྱོད་པ།
དུས་ཚོད།2019-10-25 16:30:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཀན་སུའུ་ཞིང་ཆེན་དྲ་འཕྲིན་གཞུང་ལས་ཁང་དང་ཀན་སུའུ་དྲ་རྒྱའི་རིག་གནས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀན་ལྷོ་ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་རོགས་སྒྲུབ་བྱས་པ། ཐེ་བོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས(དྲ་འཕྲིན་གཞུང་ལས་ཁང)སྒྲུབ་འགན་ཁུར་བའི“I@ཀན་སུའུ2019ལོའི་དྲ་རྒྱའི་དབུལ་སྐྱོར་དངོས་མང་སྟོན་ཚོགས”དྲ་རྒྱའི་དབུལ་སྐྱོར་བྱ་འགུལ་ཀན་ལྷོ་རུ་བསྐྱོད།
    བྱ་འགུལ་གྱིས་དྲ་ཐོག་ཞིང་གསུམ་མཁས་ཅན“ཞའོ་ཡིང་ཙི ”གདན་དྲངས་ཏེ། ཐད་གཏོང་གི་སྒོ་ནས་ཀན་ལྷོའི་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ཅན་དེ་རྒྱལ་ཡོངས་ཀྱི་དྲ་གྲོགས་ལ་མཚམས་སྦྱོར་དང་ཕྱིར་ཚོང་བྱས་པ་མ་ཟད། ཐེ་བོ་རྫོང་ནས་དྲ་རྒྱའི་སྤྱི་ཕན་ཧབ་ཚོང་བྱ་འགུལ་སྤེལ་བ་དང་། ཧབ་འཚོང་གི་ཡོང་སྒོ་ཚང་མ “7.29”ཡི་གནོད་འཚེ་ཚབས་ཆེན་ཐེབས་པའི་ཐེ་བོ་རྫོང་སྟག་ར་ཤང་ཚོ་སྲིབ་པ་སྡེ་བར་ཞལ་འདེབས་སུ་ཕུལ།
    ཐེངས་འདིའི་དྲ་རྒྱའི་དབུལ་སྐྱོར་བྱ་འགུལ་ནི། ཀན་སུའུ་ཞིང་ཆེན་དྲ་རྒྱའི་མ་ལག་གིས་དྲ་རྒྱའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཕན་ཡོད་ཚོད་ལྟ་དང་བྱེད་ཐབས་ཞིབ་ཕྲ་ཞིག་ཡིན་པས། སྔར་ལས་ལྷག་པར་དུ་ཀན་སུའུ་ཞིང་ཆེན་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་མི་དམན་པ་ཐོབ་པ་འགྲེམས་སྟོན་བྱེད་ཐུབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་ལ་སླེབས་པའི་སྒུལ་ཤུགས་སྐུལ་ཐུབ་པ་དང་། དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་ཐུབ་པས། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ཐོབ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་ངེས་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།