中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་ཤེས་རིག་བྱམས་བརྩེ་བྱིས་སྐྱོང་གླིང་གིས་སྒོ་འབྱེད་མཛད་སྒོ་སྤེལ་བ།
དུས་ཚོད།2019-10-30 10:39:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ཟླ༡༠བའི་ཚེས༢༧ཉིན། ཅོ་ནེ་རྫོང་གི་སྒེར་བཙུགས་སྐད་གཉིས་བྱིས་སྐྱོང་ཁང་ཐོག་མ་སྟེ། ཤེས་རིག་བྱམས་བརྩེ་བྱིས་སྐྱོང་གླིང་གི་འགྲུབ་སྟོན་དང་སྒོ་འབྱེད་མཛད་སྒོ་ཅོ་ནེ་རྫོང་དུ་སྤེལ། ཉིན་དེར་མི་རིགས་སློབ་གསོའི་ལས་དོན་ལ་དགའ་ཞེན་ཆེ་ཞིང་དེའི་དོན་དུ་འབད་པ་ལྷུར་ལེན་བྱས་དང་བྱེད་བཞིན་པའི་ས་ཡུལ་ཁྲོ་བོ་རྒྱལ་མཚན་དང་ར་རྒྱ་འཇིགས་མེད་རྒྱལ་མཚན། ཨ་ལགས་དཔལ་འབར་ཚང་། གཙོས་བོད་རིགས་སློབ་འབྲིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མགོན་པོ་ཚེ་བརྟན་སོགས་མདོ་དབུས་ཁམས་གསུམ་གྱི་སློབ་གསོ་བ་གྲགས་ཅན་མང་པོ་ཞིག་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། མཛད་སྒོའི་སྟེང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་གྲངས་མང་ཞུགས་ཡོད་ལ། ཁོ་ཚོས་མི་རིགས་སློབ་གསོའི་ལས་དོན་ལ་འབད་འབུངས་བྱེད་ཀྱིན་པའི་སྤྱི་རྒན་ཚེ་རིང་དོན་འགྲུབ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གང་མང་གནང་ཡོད་པར་མ་ཟད། ལས་དོན་འདི་ཆགས་མེད་དུ་སྒྲུབ་པའི་སྨོན་འདུན་དང་དགའ་བསུ་ནན་མོ་བྱེད་ཀྱིན་ཡོད།
ཤེས་རིག་བྱམས་བརྩེ་བྱིས་སྐྱོང་གླིང་ནི་ཅོ་ནེའི་ན་གཞོན་སྤྱི་རྒན་ཚེ་རིང་དོན་གྲུབ་ཀྱིས་རང་སྒེར་ནས་བཙུགས་པའི་སྐད་གཉིས་བྱིས་སྐྱོང་ཁང་ཞིག་ཡིན་ལ། རང་ས་གནས་ཀྱི་བྱིས་པའི་སློབ་གསོ་གོང་འཕེལ་གཏོང་ཆེད། བྱིས་སྐྱོང་ཁང་དེས་སྲོལ་རྒྱུན་སློབ་གསོའི་ལེགས་ཆ་རྒྱུན་འཛིན་དང་དེང་རབས་སློབ་གསོའི་ལེགས་ཆ་བསྡུ་ལེན་བྱས་ཏེ།རང་སའི་བྱིས་པའི་སློབ་གསོའི་གནས་བབ་ལ་གཞིགས་ཏེ། བྱིས་པ་རྣམས་ལ་ཕ་སྐད་མ་ཡིག་གི་རྨང་གཞི་བརྟན་པོ་བཞག་ནས་སྐད་ཡིག་དང་རིག་གནས་གཞན་ལ་འཇུག་པའི་སྟ་གོན་ལེགས་པོ་བྱེད་པའི་དུས་མཚུངས་སུ། ནང་གི་ཀུན་སློང་རྣམ་དག་དང་ཕྱིའི་ཀུན་སྤྱོད་ཡག་པོ། རིག་གནས་ཡོན་ཏན་དང་ལག་ལེན་སོགས་གང་གི་ཕྱོགས་ནས་སྐྱེད་སྲིང་ཡག་པོ་བྱ་རྒྱུ་དམིགས་ཡུལ་དུ་བཞག་ཅིང་། བྱམས་བརྩེ་དང་ཤེས་རབ་ཀྱིས་ཕྱུག་པའི་བྱིས་པ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པ་དང་། ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་ནི་སློབ་གྲྭ་དེ་འཛུགས་པའི་དམིགས་ཡུལ་ཡིན།
     སྤྱི་རྒན་ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར། ང་ཚོའི་བྱིས་སྐྱོང་ཁང་འདིས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཏན་འཁེལ་བྱས་པའི་ལོ་གསུམ་ནས་དྲུག་བར་གྱི་བྱིས་པའི་འཕེལ་རྒྱས་ཕྱོགས་སྟོན་རྩ་གནད་ལྟར་ཚན་རིག་རང་བཞིན་གྱིས་བྱིས་པའི་ལུས་སེམས་གཉིས་ཀ་བེད་ཐང་ངང་འཚར་ལོངས་འབྱུང་རྒྱུ་དང་། ཀུན་སྤྱོད་སློབ་གསོ་དང་ས་གནས་དང་མི་རིགས། རྒྱལ་ཁབ་བཅས་ཀྱི་རིག་གནས་སློབ་སྦྱོང་། ས་གཤིས་དང་དངོས་ཁམས། ཚན་རིག་ཚོད་ལྟ་བཅས་མདོར་ན་རང་རེའི་རྒྱལ་ཁབ་ཀྱི་བྱིས་པའི་སློབ་གསོའི་དགོངས་དོན་ལྟར་འབད་འབུངས་བླ་མེད་བྱས་ནས།བྱིས་སྐྱོང་ཁང་གིས་བྱིས་པའི་ལུས་སེམས་བདེ་ཐང་ཡིན་ཞིང་། བྱམས་བརྩེ་དང་ཤེས་རབ་ཀྱིས་ཕྱུག་པ་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན།།
མཛད་སྒོའི་སྟེང་གླུ་མ་བཀྲ་ཤིས་སྒྲོལ་མ་དང་གླུ་བ་མགོན་པོ་དོན་གྲུབ་དང་དགའ་ལྡན། རྡོ་རྗེ་བཀྲ་ཤིས་སོགས་ཀྱིས་ཀྱང་མ་སྐུལ་དང་བླངས་བྱས་ཏེ། སྤྱི་རྒན་ཚེ་རིང་དོན་འགྲུབ་ཀྱི་སློབ་གསོའི་ལམ་ཀ་དཀར་པོར་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་བསྟོད་གླུ་བླངས།།
                                                                   (གསར་འགོད་པ་གཅོད་པ་སྐྱབས་དང་ལྷ་མོ་བཀྲ་ཤིས། བན་དེ་ཚེ་རིང་བཅས་ཀྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།