中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་ཚོགས་པ།
དུས་ཚོད།2019-11-01 15:38:26     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཉེ་ཆར། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུ་ཚོགས། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མོང་ཡན་ལིན་གྱིས་ཚོགས་འདུའི་གཙོ་འགན་ཁུར་བ་དང་། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས། ཁུལ་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚན་ཆུང་བཅུ་བཞི་བའི་འགོ་གཙོ་ཁྲིན་ཡུས་ལན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས་པ་མ་ཟད་གཏམ་བཤད།
    ཚོགས་འདུའི་ཐོག་འགོ་ཁྲིད་ཚན་ཁག་གི་ཁོངས་མི 4ཡིས་རང་སོ་སོའི་རྟོག་ཞིབ་བྱ་གཞིར་དམིགས་ནས་ཞིབ་འཇུག་བྱ་གཞིའི་རྒྱབ་ལྗོངས་དང་། རྟོག་ཞིབ་བྱ་ཐབས། གནད་དོན་ཤེས་རྟོགས་དང་རྒྱུ་རྐྱེན་དབྱེ་ཞིབ་སོགས་ཀྱི་ཐད་ནས་རྟོག་ཞིབ་གྲུབ་འབྲས་སྤེལ་རེས་བྱས།
    མཛུབ་ཁྲིད་ཚན་ཆུང་བཅུ་བཞི་བའི་འགོ་གཙོ་ཁྲིན་ཡུས་ལན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་ཤིང་། ཁོ་མོས་ཐེངས་འདིའི་རྟོག་ཞིབ་ཀྱི་དུས་འགོའི་གྲ་སྒྲིག་བྱ་བ་ལེགས་པོ་འཁྱོངས་ཡོད་པ་དང་། བརྗོད་གཞི་ལ་ཁ་གཏད་རང་བཞིན་ལྡན་ཞིང་། རྟོག་ཞིབ་ཀྱི་ཕན་འབྲས་ཁོང་དུ་ཆུད་ཡོད་པས་གོམ་སྟབས་རྗེས་མའི་དག་ཐེར་དང་དོན་འཁྱོལ་སོགས་ཀྱི་བྱ་བ་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད།
    སྤེལ་རེས་གྲོས་ཚོགས་མཇུག་སྒྲིལ་རྗེས། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མོང་ཡན་ལིན་གྱིསཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་བའི་བུད་མེད་ལས་དོན་ལ་སྐུལ་འདེད་གཏོང་དགོསཞེས་པ་བརྗོད་བྱ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས་ཞིང་། མོང་ཡན་ལིན་གྱིས་དུས་རབས་གསར་བའི་ང་ཚོ་གུང་ཁྲན་ཏང་མིའི་འགན་འཁྲི་ནི“ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱ་རྒྱུ”དེ་ཡིན་ཞེས་བསྟན།།
                                                                                                        (ཝང་ཡུས་ལན་གྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།