中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཨུའི་གཞུང་སྒྲུབ་ཁང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་བྱས་པ།
དུས་ཚོད།2019-11-01 15:42:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། “ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་རྟོག་ཞིབ་ལ་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་སྐུལ་འདེད་གཏོང་ཆེད། ཁུལ་ཨུའི་གཞུང་སྒྲུབ་ཁང་གིས་རྟོག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་བྱེད་པའི་ཚོགས་འདུ་ཚོགས། ཁུལ་ཨུའི་གཞུང་སྒྲུབ་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཁོངས་གཏོགས་བྱ་ལས་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་དགུ་བས་ཚོགས་འདུར་མཛུབ་ཁྲིད་གནང་།
    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་ཁུལ་ཨུའི་གཞུང་སྒྲུབ་ཁང་གི་འགོ་ཁྲིད་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཐབས་ཇུས་བཀོད་སྒྲིག་དག་སློབ་སྦྱོང་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གནད་ལས་དོན་ཁག་དང་མང་ཚོགས་ཀྱིས་གླེང་བཞིན་པའི་གནད་དོན་དག་ལ་དམ་པོར་དམིགས་ནས་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། གཞི་རིམ་དུ་བསྐྱོད་ནས་རྟོག་ཞིབ་བྱས།
    ཚོགས་འདུའི་ཐོག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོས་རང་སོ་སོའི་རྟོག་ཞིབ་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་ཐོག་མའི་ཕུགས་འདུན་གྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་གཞི་ཚུགས་པ་བྱས་པ་དང་། ཐོན་ལས་འཕེལ་རྒྱས་དང་། དབུལ་ཐར་མཁྲེགས་གཏོར། ཁོར་ཡུག་གཙང་སྦྲ་བཅོས་སྒྲིག སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། ཡུལ་སྐོར་གསར་སྤེལ། འཕྲིན་གཏོང་འགན་ལེན། གཞུང་དོན་སྣེ་ལེན། ཚོགས་དོན་ཞབས་ཞུ་སོགས་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་མ་ཟད། བགྲོ་གླེང་གཏིང་ཟབ་བྱས། སྤེལ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད་བསམ་བློ་སྔར་བས་གཅིག་གྱུར་དང་། གནད་དོན་གསལ་རྟོགས་ཐུབ་ཅིང་། དུས་རིམ་རྗེས་མའི་བྱ་བ་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་གྱུར་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།