中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཡོངས་ཀྱི 2019ལོའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཞི་བ་དང་བྱ་བའི་འཆར་ཅན་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ།
དུས་ཚོད།2019-11-01 15:45:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུས་རྩ་འཛུགས་བྱས་ཏེ་ཁུལ་ཡོངས་ཀྱི 2019ལོའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཞི་བ་དང་བྱ་བའི་འཆར་ཅན་ཚོགས་འདུ་ཐེངས་གཉིས་པ་ཚོགས་ནས་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གནད་དོན་དང་མི་འདང་སར་དབྱེ་ཞིབ། དུས་རིམ་རྗེས་མའི་བྱ་བ་བཀོད་སྒྲིག ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁྲི་སྔར་བས་ནན་དུ་བཏང་བ་བཅས་བྱས། ཁུལ་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ལྟ་ཞིབ་ཨུའི་ཀྲུའུ་རེན་གཞོན་པ་ཀྲང་ཀྲིན་དབྱི་ཡིས་ཚོགས་འདུར་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་གནད་བསྡུསཀྱི་ལེའུ་བརྒྱད་པའི་འབྲེལ་ཡོད་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2019ལོ་ནས་བཟུང་ཁུལ་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་བའི་གནས་ཚུལ་བརྡ་ཁྱབ་བྱས་ཤིང་། རྫོང་དང་གྲོང་ཁྱེར་ཁག་གི་སྒྲིག་ཨུ་ལྟ་ཞིབ་ཨུ་དང་། ཁུལ་སློབ་གསོ་ཅུས། ཁུལ་ཆུ་དོན་ཅུས། ཁུལ་སྡོད་ཁང་འཛུཊ་སྐྲུན་ཅུས་བཅས་ཀྱིས་བྱ་བའི་སྙན་ཞུ་ཕུལ།
    ཚོགས་འདུ་ལས་རྫོང་དང་གྲོང་ཁྱེར་སོ་སོའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་དང་མི་འདང་སའི་ཆ་འཕྲལ་དུ་ཐག་གཅོད་བྱ་དགོས་པ་དང་། རྫོང་དང་གྲོང་ཁྱེར་སོ་སོ་དང་ཁོངས་གཏོགས་ལས་ཁུངས་ཁག་གིས་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ། འགན་འཁྲི་ཡང་དག་སྒོས་ཁོང་དུ་ཆུད་པ་བྱས་ནས་སླད་ཕྱིན་གྱི་ཆེད་དོན་བཅོས་སྒྲིག་བྱ་བའི་ཁྲོད་འགན་འཁྲི་ཏན་ཏིག་སྒྲུབ་པ། བཏོན་པའི་གནད་དོན་ཐད་ངེས་པར་དུ་སྙིང་རུས་དང་སེམས་ཤུགས་ཆེན་པོ་འདོན་པ། འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བཅས་བྱས་ནས་དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་སྒྲིག་ཁྲིམས་ཀྱི་འགན་ལེན་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུ་ལས་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་ཆེན་པོར་བརྟེན་ནས་བྱ་བ་དོན་འཁྱོལ་ཡག་པོ་བྱེད་པ། གསར་གཏོད་རང་བཞིན་གྱི་ཆེད་དོན་བཅོས་སྒྲིག་བྱ་བ་སྤེལ་ནས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ། ལྟ་ཞིབ་ལ་ཤུགས་སྣོན་པ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས་བྱ་བའི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་ཤིང་། གནད་དོན་དག་ཐེར་ལ་དམིགས་ནས་བྱ་བའི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས་པ་ལས་དག་ཐེར་རྫུས་མ་དང་། གྲངས་ཀ་དག་ཐེར། ཤོག་ངོས་དག་ཐེར། ཕྱི་ཚུལ་ཙམ་གྱི་དག་ཐེར་བཅས་གཏན་ནས་བྱ་མི་རུང་། ལྟ་སྐུལ་བྱ་སྟངས་གསར་གཏོད་བྱས་ནས་རྒྱུན་ལྡན་གྱི་ཞིབ་བཤེར་དང་། ཆེད་དོན་ལྟ་སྐུལ། མངོན་ཞིབ་ལྐོག་འདྲི། ཉེན་ཟོན་སློབ་གསོ་བཅས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་དགོས་པ། ཕན་ཚུན་ལ་ཞིབ་བཤེར་བྱས་ནས་བློ་ཁོག་ཆེན་པོས་ནོར་འཁྲུལ་ཡོ་བསྲང་བྱ་དགོས་པ་དང་། ལས་བྱེད་པས་འགན་འཁྲི་འཁུར་བ་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
    ཁུལ་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཡོངས་དང་། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་འགོ་ཁྲིད་མི་སྣ། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་ལས་ཁུངས་ཀྱི་པུའུ་སོ་སོའི་གཞུང་ལས་ཁང་། མངགས་སྡོད་ལས་ཁུངས་ཁག་གི་འགན་ཁུར་བ། རྫོང་དང་གྲོང་ཁྱེར་ཁག་གི་སྒྲིག་ཨུ་ལྟ་ཞིབ་ཨུའི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།