中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཡོངས་ཀྱི་སྡེ་ཁུལ་ཡོངས་བསྲང་གིས་ནག་སེལ་གཤེད་བཅོམ་དང་མངོན་མེད་རྐྱེན་ངན་དབྱེ་ཞིབ་བྱེད་པའི་བགྲོ་གླེང་ཚོགས་འདུ་ཚོགས་པ།
དུས་ཚོད།2019-11-06 10:11:37     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་གིས་ནག་སེལ་གཤེད་བཅོམ་དང་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་བྱེད་པའི་བགྲོ་གླེང་ཚོགས་འདུ་ཚོགས།
    ཚོགས་འདུའི་སྟེང་དུ། རྫོང་དང་གྲོང་ཁྱེར་སོ་སོའི་ཁྲིམས་འཛིན་ཅུས་ཀྱིས་སྡེ་ཁུལ་ཡོ་བསྲང་གི་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱ་བ་དང་ཆ་འཕྲིན་ཅན་འཛུགས་སྐྲུན། དཔུང་ཁག་འཛུགས་སྐྲུན་དང་སྡེ་ཁུལ་ཡོ་བསྲང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱེད་རོགས་བྱེད་པའི་གནས་ཚུལ་སོགས་ལ་དམིགས་ནས་སྙན་ཞུ་ཞིབ་མོ་ཞུས་པ་མ་ཟད། སྡེ་ཁུལ་ཡོ་བསྲང་གི་བྱ་བའི་བྱེད་ཤུགས་ཞན་པ་དང་། ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་སློབ་གསོ་བྱ་ཐབས་གཅིག་རྐྱང་ཡིན་པ། རིགས་བགར་དོ་དམ་སོགས་ཡོ་བསྲང་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ། སྤྱི་བདེ་ལས་ཁུངས་དང་ཁྲིམས་ཁང་སོགས་སྡེ་ཁག་བར་དུ་འབྲེལ་འདྲེས་བྱས་པ་གནད་ཐོག་ཏུ་འཁེལ་མེད་པས། སྡེ་ཁུལ་ཡོ་བསྲང་བྱ་བའི་བདེ་འཇགས་དང་མངོན་མེད་རྐྱེན་ངན་ལ་ཤུགས་རྐྱེན་ཐེབས་པར་དམིགས་ནས་ཞིབ་འཇུག་ནན་མོ་བྱས།
    གྲོས་ཚོགས་ཀྱིས་རྫོང་དང་གྲོང་ཁྱེར་སོ་སོས་བདེ་འཇགས་བྱ་བ་མིག་སྔའི་སྡེ་ཁུལ་ཡོ་བསྲང་བྱ་བའི་ཐོག་མར་འཇོག་དགོས་པ་དང་། ལྷག་པར་དུ་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་གྱི་སློབ་གསོ་དོ་དམ་དང་། ཚོད་འཛིན་བྱ་བ་ཡག་པོ་བསྒྲུབ་དགོས་པ། “ཆུ་ཚོད་བརྒྱད་གཉིས”ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཁྲིམས་ཆད་འཁུར་མཁན་གྱི་གནས་ཚུལ་ལ་མ་རྒྱུས་ལོན་བྱེད་པར་ཁག་ཐེག་བྱ་དགོས་པ་དང་། ལྟ་སྐུལ་དོ་དམ་སློབ་གསོར་ཤུགས་སྣོན་དགོས། མཐིལ་རྟོགས་གཏིང་ཟབ་བྱས་པ་བརྒྱུད་དེ“སྲུང་གདུགས”དམར་འདོན་བྱ་དགོས་པ། སྡེ་ཁུལ་ཡོངས་ཀྱི་ཁྲིམས་ཆད་འཁུར་མཁན་གྱི་ནག་སེལ་གཤེད་བཅོམ་བྱ་བའི་ཐེམ་ཐོ་འཐུས་ཚང་དུ་བཏང་ནས། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་བྱ་བར་གྲུབ་འབྲས་དངོས་ཐོབ་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།