中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཨུའི་གཞུང་སྒྲུབ་ཁང་གིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གཞིར་བཟུང་ནས་སྐྱོན་ཆ་འཚོལ་བ།
དུས་ཚོད།2019-11-06 10:13:40     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་ཨུའི་གཞུང་སྒྲུབ་ཁང་གིས“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གཞིར་བཟུང་ནས་རང་ཐོག་གི་སྐྱོན་ཆ་འཚོལ་བའི་ཆེད་དོན་གྲོས་ཚོགས་ཚོགས་ཏེ། ཁུལ་ཨུའི་གཞུང་སྒྲུབ་ཁང་གི་འགོ་ཁྲིད་ཚན་ཁག་དང་ཁོངས་གཏོགས་ལས་དོན་སྡེ་ཁག་གི་འགོ་ཁྲིད་ཚན་ཁག་གྲོས་ཚོགས་སུ་ཞུགས་ཤིང་། ཁུལ་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་མཛུབ་སྟོན་བྱས།
    གྲོས་ཚོགས་ཀྱི་སྟེང་དུ། ཚོགས་ཞུགས་པ་ཡོངས་ཀྱིས་གཅིག་བསྡུས་ཀྱི་སྒོ་ནས 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང 《གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་བསམ་འཆར་འགའ》བཅས་ལ་སློབ་སྦྱོང་བྱས་ཤིང་། ཚན་ཁག་གི་ཁོངས་མིས 《ཏང་གི་སྒྲིག་ཡིག》དང 《ཏང་གི་སྒྲིག་སྲོལ》 《སྲོལ་ཡིག》གཞིར་བཟུང་ཞིང་། “ཡིན་མིན 18”ལ་དམིགས་ནས། དོན་ཚན་རེ་རེ་བཞིན་ཨང་རྟགས་ལྟར་གྲལ་དུ་སྒྲིག་ཞིང་། ཏན་ཏན་ཏིག་ཏིག་གིས་རང་ཉིད་ལ་ཞིབ་ལྟ་དང་གནད་དོན་དང་སྐྱོན་ཆ་ཞིབ་འཚོལ་བྱས་ཤིང་། དག་ཐེར་བྱེད་ཕྱོགས་ཁ་གསལ་བྱས་ནས། རྗེས་ཕྱོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་།
    མཛུབ་སྟོན་ཚན་ཆུང་གིས་ཁུལ་ཨུའི་གཞུང་སྒྲུབ་ཁང་གིས་དུས་གཏན་དུ་བརྗོད་དོན་གཙོ་བོའི་སློབ་གསོར་ཚད་མཐོའི་མཐོང་ཆེན་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གཞིར་བཟུང་ནས་རང་སྐྱོན་འཚོལ་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་བྱ་དགོས་པ་དང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་ཁ་ནང་ལ་ཕྱོགས་པའི་བློ་སྟོབས་ཀྱིས་ཁྱོན་ཡོངས་ཀྱི་སྒོ་ནས་ཐོག་མའི་ཆོད་སེམས་དང་འགན་འཁྲི་ལ་རྒྱབ་འགལ་བྱས་པའི་གནད་དོན་སྣ་ཚོགས་འཚོལ་དགོས་པ་དང་། ནན་ཏན་གྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱས་ཏེ། བྱ་གཞག་ལ་མཛུབ་སྟོན་དང་བྱ་སྤྱོད་ཚད་ལྡན་བཟོས་ནས། མིག་དཔེ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པར་བསྟན།
    རྗེས་ཕྱོགས་སུ། ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཚན་ཁག་གི་ཁོངས་མི་སོ་སོས་ཐེངས་འདིའི་ཆེད་དོན་གྲོས་ཚོགས་ཀྱི་གོ་སྐབས་གཞིར་བཟུང་ནས། ཏང་གི་སྒྲིག་ཡིག་དང་སྒྲིལ་སྲོལ་གྱི་སློབ་སྦྱོང་བྱ་བ་ལས་འགན་གཙོ་བོར་བཞག་ནས་དམ་འཛིན་བྱ་རྒྱུ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པའི་གལ་ཆེའི་རྣམ་བཤད་ལ་གོ་བ་ཟབ་མོ་བླངས་ནས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་བྱ་རྒྱུ་ཡིན་པ་དང་། རང་རྟོགས་ཀྱིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དེ་བྱ་བའི་ལག་ལེན་ཁྲོད་བཀོལ་སྤྱོད་བྱས་ནས། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གྱི་འགྱུར་མེད་ལག་བསྟར་མཁན་དང་བློ་དཀར་གྱི་ལག་ལེན་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་ངེས་ཡིན་ཞེས་བཤད།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།