中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༅༅།། ཁུལ་གཞུང་དཔང་ཁྲུའུ་ཡིས“དྲ་ཐོག་ནས་དཔང་ཡིག་ལས་པའི”ལས་སྒོ་སྤེལ་བ།
དུས་ཚོད།2019-11-08 16:59:16     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་གཞུང་དཔང་ཁྲུའུ་ཡིས་དྲ་ཐོག་ནས་དཔང་ཡིག་ལས་པའི་ལས་སྒོ་སྤེལ།
    “དྲ་ཐོག་ནས་དཔང་ཡིག་ལས་པའི”ལས་སྒོ་ཁྱབ་གདལ་དུ་བཏང་སྟེ་དོ་བདག་གིས་ཐད་ཀར་དུ་པར་བརྒྱབ་ནས་དེ་མཚུངས་ཀྱི་རྒྱུ་ཆ་བསྐུར་ཆོག་པ་དང་། སྐད་འཕྲིན་གཏོང་སྤྲོད་བརྒྱུད་དེ་རེ་ཞུའི་བརྒྱུད་རིམ་ཧྲིལ་བོ་ལེགས་གྲུབ་བྱ་ཐུབ་ལ། དུས་དང་རྣམ་པ་ཀུན་ཏུ་སྐད་འཕྲིན་སྤྱི་སྟེགས་དང་། དྲ་ཐོག་ལས་སྟེགས། ཀྲུང་གོའི་གཞུང་དཔང་དྲ་བ། སྐད་འཕྲིན་གྱི་གྲོང་ཁྱེར་ཞབས་ཞུ་བཅས་ཀྱི་བྱ་ཐབས་བཞི་བརྒྱུད་དེ་བྱིས་པ་སྐྱེས་པ་དང་། གཉེན་ཉེའི་འབྲེལ་བ། ཉེས་མེད་བདེན་དཔང་ཟིན་ཐོ། ཐོབ་ཐང་ལག་ཁྱེར། ལམ་ཡིག ཐེམ་ཐོ། གཉེན་སྒྲིག་དཔང་ཡིག སློབ་ཐོན་དཔང་ཡིག སློབ་གནས་དཔང་ཡིག་སོགས་གཞུང་དཔང་གི་དོན་ཚན་ཁག་ཅིག་དྲ་ཐོག་ནས་ལས་པའི་རེ་ཞུ་བྱ་ཆོག་པ་རེད།
    དྲ་ཐོག་ནས་གཞུང་དཔང་ཁྱབ་གདལ་བཏང་བས་རྒྱ་ཆེའི་དོ་བདག་ལ་སྟབས་བདེ་བསྐྲུན་པ་དང་། དུས་ཚོད་དང་ནོར་ཤུགས་འབོར་ཆེན་གྲོན་ཆུང་བྱས་ཤིང་། དཔང་ཡིག་ལས་རྒྱུ་ནི་དོན་དག་དཀའ་མོ་ཞིག་མིན་པ་ལག་ལེན་ལས་ར་སྤྲོད་བྱུང་།
    ཁུལ་གཞུང་དཔང་ཁྲུའུ་ཡིས“དྲ་བ+”ཡི་དུས་རབས་ཀྱི་འདུ་ཤེས་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་བ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་དྲ་ཐོག་ཞབས་ཞུའི་ལས་སྟེགས་འཛུགས་པ་དང་། འཐུས་ཚང་དུ་བཏང་ནས་དྲ་ཐོག་ལས་སྒོའི་རིགས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ། མི་དམངས་མང་ཚོགས་ལ་སྔར་བས་ཕན་ནུས་མཐོ་བ་དང་། སྟབས་བདེ་ཅན་གྱི་གཞུང་དཔང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།