中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༅༅།། བསང་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ།
དུས་ཚོད།2019-11-08 17:02:32     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ད་ལོ་ནས་བཟུང་སྟེ། བསང་ཆུ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་ནན་ཏན་བྱས་པ་དང་། ཞིང་ཆེན་དང་ཁུལ་གྱི་ཞིང་སྡེའི་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་བའི་འགན་འཁྲི་ནན་དུ་གཏོང་བ་དང་། བྱ་བའི་བྱ་ཐབས་ཞིབ་ཕྲ་བཟོ་བ། བྱ་བའི་རྨང་གཞི་བརྟན་པོར་གཏོང་བ་བཅས་བྱས་ནས་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།
    སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་དམ་འཛིན་ནན་མོ་བྱས་ཏེ། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར 12.93བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 210འཛུཊ་སྐྲུན་བྱས། 2015ལོ་ནས 2017ལོའི་བར་སྡེ་བ 122ཀྱི་ལས་གཞི 101འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་བ་དང་། བསྡོམས་རྩིས་ཞིབ་བཤེར་དང་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་སོགས་ཀྱི་རྗེས་མཐུད་བྱ་བ་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད། 2018ལོར་སྡེ་བ 44ཡི་ལས་གཞི 33གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་སྒྲིག་བཀོད་ཚང་མ་ལེགས་གྲུབ་བྱུང་བ་མ་ཟད། ལས་གཞི 15ཡི་ཕྱོགས་གསུམ་པས་ཡུལ་དངོས་ཞིབ་དཔྱད་བྱེད་པ་ལེགས་གྲུབ་བྱུང་ཞིང་། 2019ལོར་སྡེ་བ 44ཡི་ལས་གཞི 40ཡི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་སྒྲིག་བཀོད་ཚང་མ་ལས་འགོ་ཚུགས་ཡོད། 2020ལོར་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 43འཛུགས་སྐྲུན་བྱེད་རྩིས་ཡོད་ཅིང་། ད་ལོར་འཆར་འགོད་དང་། ཇུས་གཞིར་དཔྱད་ཞིབ་དང་མཆན་འགོད་བཀའ་ལན་སྤྲོད་པའི་བྱ་བ་ལེགས་གྲུབ་བྱུང་དུ་འཇུག་རྒྱུ་ཡིན་པ། ཤུག་ལུང་ཉིན་པ་དང་། རྔ་རྒོད། ལོ་བུ་ཐང་ སོགས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་དཔེ་སྟོན་སྡེ་བ་རུ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་ཐབས་ལམ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱས།
    ཕྱོགས་ཡོངས་ནས་སྡེ་བའི་གཙང་སྦྲ་དམ་འཛིན་བྱས་ཏེ“གཙང་དག་གི་སྡེ་བ”25འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་ནས“གཙང་དག་གསུམ་དང་། བཅོས་བསྒྱུར་གསུམ། བཅོས་སྒྲིག་གསུམ”ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན 121དང་། སྡེ་བའི་ནང་གི་ཆུ་རྐ་སྤྱི་ལེ 61 གང་བྱུང་དུ་བཟོ་ཁང་དང་སྡོད་ཁང་བསྐྲུན་པ་སོགས་ལུགས་མཐུན་མིན་པའི་འཛུགས་སྐྲུན་གནས 210གཙང་བཤེར་བྱས་ཤིང་། “ཁོངས་ཡོངས་གད་སྙིགས་མེད་པའི”ཡུལ་སྐོར་སྣང་བརྙན་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།