中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་རོགས་སྐྱོར་ལ་ཤུགས་བསྣན་ནས་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱས་པ།
དུས་ཚོད།2020-01-10 17:13:14     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱ་ཆེད། གཙོས་གྲོང་ཁྱེར་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ནན་མོ་བྱས་ཏེ་ཤང་གྲོང་སོ་སོ་དང་སྲང་ལམ་ཁག་གི་གནོད་འཚེའི་གྱོང་གུན་དང་དགུན་དཔྱིད་གཉིས་སུ་མཁོ་བའི་རོགས་སྐྱོབ་གནས་ཚུལ་ལ་ཕྱོགས་ཡོངས་ནས་བསྡོམས་རྩིས་བྱས་ཏེ་རྒུད་སྐྱོབ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།    བསྡོམས་རྩིས་མཐིལ་རྟོགས་ནན་ཏན་བྱས་པ། གནོད་འཚེ་ཐེབས་པའི་མང་ཚོགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ། དྭ་ཕྲུག ཁྱིམ་སྟོང་རྒན་རྒོན། གཞིས་ལུས་རྒན་རྒོན། གཞིས་ལུས་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིའི་དགུན་ཁའི་མཁོ་ཆས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཟ་མ་དང་། གྱོན་གོས། སྡོད་ཁང་། དྲོད་ལེན། གློག་སྤྱོད། འཐུང་ཆུ་སོགས་ཀྱི་ཐད་ཀྱི་དཀའ་ངལ་དང་གནད་དོན་མཐིལ་རྟོགས་བྱས་ཏེ་གནད་ཁེལ་རོགས་སྐྱོབ་དང་འཚམས་འདྲི་བྱ་རྒྱུར་རྨང་གཞི་བཏིང་། མ་དངུལ་སྒོར་ཁྲི 98.55བཏང་ནས“དུས་ཆེན་གཉིས”ཀྱི་འཚམས་འདྲིའི་བྱ་འགུལ་སྤེལ་ནས་གཙོས་སུ་བཅའ་སྡོད་བྱེད་པའི་དཔོན་དམག་དང་། དམིགས་བསལ་ལས་གནས་སུ་ཡོད་པའི་བྱ་བྱེད་མི་སྣ་དང་། “དུས་ཆེན་གཉིས”ཀྱི་སྐབས་ཀྱི་ལས་རེས་སྡེ་ཚན། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་པའི་ལས་བྱེད་པ་རྒན་པ། དཀའ་ངལ་ཡོད་པའི་ཏང་ཡོན། དཀའ་ངལ་ཡོད་པའི་ལས་བཟོ་བ། ཁོར་ཡུག་སྲུང་སྐྱོང་རུ་ཁག་གི་གཙང་སྦྲ་བྱེད་མཁན་སོགས་ལ་འཚམས་འདྲི་བྱས། བསྡོམས་པས་ཁྱིམ་ཚང 3000ལྷག་ལ་རོགས་སྐྱོབ་བྱས་པ་དང་། ཁྱིམ་ཚང་རེར་ཕྱེ་དང་འབྲས། སྲིང་བལ་ཉལ་ཐུལ། ཀམ་པ་ལི་སོགས་རིན་ཐང་སྒོར་ཁྲི 350ལྷག་གི་དངོས་རྫས་བྱིན།
    གཙོས་གྲོང་ཁྱེར་གྱིས་བྱ་བའི་ཤུགས་ཚད་མུ་མཐུད་ཆེ་རུ་བཏང་ནས། རོགས་སྐྱོབ་བརྒྱུད་རིམ་ཞིབ་ཕྲ་བཟོ་བ། རོགས་སྐྱོབ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་བྱ་བ་སྔར་བས་ཏན་ཏིག་དང་ཞིབ་ཚགས་སུ་གཏོང་རྒྱུ་དང་། དམངས་འཚོའི་འགན་ལེན་བདེ་འཇགས་དྲ་བ་བརྟན་པོ་བཙུགས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དྲོ་སྐྱིད་དང་བདེ་འཇགས་ངང་དགུན་བསྐྱལ་ཐུབ་པ་འགན་ལེན་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།