中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ལིན་ཐན་རྫོང་གིས“འགན་ལེན་གསུམ”གྱིས་དམངས་འཚོ་དོན་འཁྱོལ་བྱས་པ།
དུས་ཚོད།2020-01-10 17:15:31     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་ཤས་རིང་། ལིན་ཐན་རྫོང་གིས་ཚད་གཞི་དང་རེའུ་མིག་ལྟར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཁྱིམ་ཚང་རེ་ལ་སྲིད་ཇུས་རེ་བྱས་ནས་དམངས་འཚོའི་དོན་དངོས་ལག་བསྟར་བྱ་རྒྱུ་ཁག་ཐེག་བྱས།
    ལིན་ཐན་རྫོང་གིས་འོས་འགན་སློབ་གསོའི་སློབ་ཞུགས་མཉམ་འཛིན་མཉམ་བཅོས་ལམ་སྲོལ་དང་སྲིད་འཛིན་ལྟ་སྐུལ་མཛུབ་ཁྲིད་དང་སློབ་གྲྭར་བསྐྱར་ཞུགས་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དོན་འཁྱོངས་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་མཉམ་འབྲེལ་ལ་ཤུགས་བསྣན་ནས་མིག་སྔའི་བར་བསྡོམས་པས་སློབ་མ 459སློབ་གྲྭར་བསྐྱར་དུ་བསྐྱོད་རྒྱུའི་ཁ་ཏ་བྱས་པ་དང་། དེའི་ཁྲོད་དུ་འོས་འགན་སློབ་གསོ་དང་ལེན་བྱེད་བཞིན་པའི་སློབ་མ 139ཡོད་པ། སློབ་ལོ་རན་པའི་བྱིས་པ་སློབ་བྱོལ་བྱེད་མཁན་མེད་པ་མངོན་འགྱུར་བྱུང་བ་དང་། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་གི་སློབ་ལོ་རན་པའི་བྱིས་པ་ཚང་མར་འོས་འགན་སློབ་གསོ་དང་ལེན་བྱེད་ཐུབ་པ་བྱུང་ཡོད།
    བདེ་ཐང་དབུལ་སྐྱོར་གྱི“སྨན་ཐོ”གསར་བ་བཀོད་པ། ཁྱིམ་ཚང་རེ་རེ་བཞིན་སྨན་བཅོས་འགན་ལེན་རྒན་གསོ་འགན་ལེན་གྱི“གྲོན་དངུལ་གཉིས”འཇལ་བའི་དཔང་ཡིག་དང་ནད་ཕོག་པའི་མི་གྲངས་ཀྱི་སྨན་བཅོས་རྩིས་ཞུའི་དཔང་ཡིག་ཞིབ་བཤེར་བྱས་ནས་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོའི་དབུལ་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས། ཆེད་ཚན་སློབ་ཆེན་དང་དེ་ཡན་གྱི་གཟུགས་བརྙན་དང་གསོ་རིག་ཞིབ་དཔྱད་རིགས་ཀྱི་ཆེད་ལས་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ 23བསྡུས་ནས་ཆེད་ལས་མི་སྣ་དཀོན་པའི་གནད་དོན་ཐག་གིས་བཅད། མིག་སྔར་རྫོང་ཡོངས་ཀྱི་སྨན་བཅོས་འགན་ལེན་ནང་ཞུགས་པའི་རོགས་དངུལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་མི་སྒེར་གྱི་གྲོན་འཇལ་ཆ་ཤས་ནོར་སྲིད་ཀྱིས་ཚང་མ་རོགས་སྐྱོར་བྱས་པ་དང་། འགན་ལེན་བྱ་ཡུལ་གཞན་དག་གི་མི་སྒེར་གྱི་གྲོན་དངུལ་བཅད་གྲངས་ལྟར་ཁ་གསབ་བྱས་ཤིང་། བསྡོམས་པས་མི་ཁྲི 7.45ལ་སྒོར་ཁྲི 1042.14རོགས་སྐྱོར་ཚབ་འཇལ་བྱས། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་ནང་བསྡོམས་པས་མི་ཁྲི 13.98ཞུགས་པ་དང་འགན་ལེན་ནང་ཞུགས་ཚད 99%ཟིན་ཡོད། རྫོང་དང་ཤང་རིམ་པའི་གཏན་ཁེལ་གྱི་སྨན་བཅོས་བྱེད་གནས་ཚང་མ་གཞི་རྩའི་སྨན་བཅོས་འགན་ལེན་དང་། ནད་ཆེན་འགན་ལེན། སྨན་བཅོས་རོགས་སྐྱོབ་བཅས“གཅིག་འཐུས་རྣམ་པའི”དུས་ཐོག་ཏུ་རྩིས་ཞུ་བྱ་ཐུབ།
    ཉེན་ཁང་སྒྱུར་བཀོད་བྱས་ནས་དམངས་འཚོའི་དཀའ་གནད་སེལ། ལིན་ཐན་རྫོང་དུ་གཙོ་གནད་བྱ་ཡུལ་རིགས་བཞིའི་ཁྱིམ་ཚང 16436ཡོད་པ་དང་2009ལོ་ནས་ད་བར་རིམ་རྩིས་བྱས་ན་ཞིང་སྡེའི་ཉེན་ཁང 18345སྒྱུར་བཀོད་བྱས་པ་དང་རིམ་པ་སོ་སོའི་སྲིད་གཞུང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར 2.2དོན་ཐོག་ཏུ་འཁྱོལ་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར 8.2བཏང་། 2018ལོར་ཞིང་ཆེན་རིམ་པས་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་འཆར་གཞི 1149གཤམ་སྤྲོད་བྱས་པ་དང་། རྫོང་རིམ་པས་མ་དངུལ་གྲབས་གསོག་བྱས་ནས་གྲོང་གསེབ་ཀྱི་ཉེན་ཁང 259སྒྱུར་བཀོད་བྱས་པ་དང་བསྡོམས་པས 1408ཡོད་པ་དེ་དག་ལོ་མཇུག་ཏུ་སྒྱུར་བཀོད་ལས་འགན་ལེགས་གྲུབ་བྱུང་བ་མ་ཟད། ཁྱིམ་ཚང 602ཀྱི་གཙོ་གནད་བྱ་ཡུལ་རིགས་བཞིའི་བྱང་བུ་བཟོ་བ་དང་བཀལ་བའི་བྱ་བ་སྤེལ། རྫོང་ཡོངས་ཀྱི་ཞིང་བའི་ཁྱིམ་ཚང་གི་སྡོད་ཁང་བདེ་འཇགས་གནས་ཚུལ་ལ་སྡོད་ཁང་བདེ་འཇགས་ཀྱི་ངོས་འཛིན་གཏན་ཁེལ་བྱས་པ་དངསྡོད་ཁང་བདེ་འཇགས་ཀྱི་རིམ་པ་གཏན་ཁེལ་རེའུ་མིག32000 བཏོན་པ་དངསྡོད་ཁང་བདེ་འཇགས་ཀྱི་ཚད་གཞི་གཏན་ཁེལ་ཡི་གེ16436བཏོན་ནས་གཙོ་གནད་བྱ་ཡུལ་རིགས་བཞིའི་སྡོད་ཁང་བདེ་འཇགས་ཀྱི་མཚོན་རྟགས་བཀལ་བའི་བྱ་བ་དུས་གཅིག་ཏུ་ལེགས་གྲུབ་བྱུང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།