中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་དང་མཉམ་འབྲེལ་བྱས་ནས་རོགས་སྐྱོར་སྡེ་བ་རུ་དུས་ཆེན་སྔོན་གྱི་འཚམས་འདྲི་བྱས་པ།
དུས་ཚོད།2020-01-15 09:44:09     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཀྲུང་ཧྭ་སྤྱི་ཚོགས་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་དང་ཀན་ལྷོ་ཉི་འོད་དང་བླངས་པའི་མཐུན་ཚོགས་དང་མཉམ་འབྲེལ་བྱས་ནས་ལིན་ཐན་རྫོང་གཡང་ས་ཤང་ཆོས་ཡུལ་སྡེ་བ་རུ་སོང་ནས་དུས་ཆེན་སྔོན་གྱི་འཚམས་འདྲིའི་བྱ་འགུལ་སྤེལ།
    བྱ་འགུལ་སྤེལ་བའི་སྐབས་སུ། རོགས་སྐྱོར་སྡེ་བའི་ལོ 60ཡན་གྱི་རྒན་རྒོན་ལ་བྱ་སྤུའི་གྱོན་ཆས་དང་བལ་གྱི་པུས་ཁེབས་སོགས་འཚམས་འདྲིའི་དངོས་པོ་སྤྲད་པར་སྤྱིའི་རིན་ཐང་སྒོར་ཁྲི 15ལ་བསླེབས་ཡོད། ཡུལ་དངོས་ནས་ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འགན་ཁུར་བ་གཙོ་བོས་དཔྱིད་གསར་སྨོན་ཚིག་བྲིས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་ཞུས།
  བྱ་འགུལ་མཇུག་འགྲིལ་རྗེས། རོགས་སྐྱོར་ལས་བྱེད་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱས་ཏེ། རོགས་སྐྱོར་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་དཀའ་ངལ་ཞིབ་འདྲི་བྱས་ཤིང་། ཁོང་ཚོར་ཡིད་ཆེས་བརྟན་པོ་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་དུ་བསྐྱོད་རྒྱུའི་སྐུལ་མ་བཏང་།
    མང་ཚོགས་རྣམས་ཀྱིས་ཏང་གི་ཡང་དག་པའི་འགོ་ཁྲིད་དང་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་བོ་མེད་ན་དབུལ་ཕོངས་ཁྱིམ་ཚང་གི་མིག་སྔའི་འཚོ་བ་ཡག་པོ་ཡོང་མི་སྲིད་ཅེས་བཤད། ཁུལ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་ཤུགས་ཆེན་པོའི་རོགས་རམ་འོག་སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་། སྡེ་བའི་རྣམ་པ། ཐོན་སྐྱེད་དང་འཚོ་བའི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་དུ་སྐྱོད་པའི་ལམ་བུ་སྔར་བས་རྒྱ་བསྐྱེད་དུ་བཏང་ཞིང་། མཛེས་སྡུག་ལྡན་པའི་འཚོ་བར་ཡིད་ཆེས་སྔར་བས་སྲ་བརྟན་དུ་བཏང་ཡོད་པས། སླད་ཕྱིན་གྱི་འཚོ་བ་སྔར་བས་ཇེ་ལེགས་སུ་འགྲོ་ངེས་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།