中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཤོ་བ་ཤང་གིས་ཐོན་ལས་དབུལ་སྐྱོར་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་བ།
དུས་ཚོད།2020-05-15 17:06:16     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་དུ། ཅོ་ནེ་རྫོང་ཤོ་བ་ཧོར་རིགས་ཤང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་། ཐོན་ལས་དབུལ་སྐྱོར་ལག་བསྟར་བྱས་པ་སྟེ། “ཤང་ལ་ཁྱད་ལྡན་ཐོན་ལས་ཡོད་པ་དང་། སྡེ་བར་གཙོ་ཁྲིད་ཐོན་ལས་ཡོད་པ། ཁྱིམ་ཚང་ལ་ཡོང་འཕར་ལས་གཞི་ཡོད་པའི”རིག་ལམ་ལྟར། ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གཙོར་འཛིན་དང་། ཐོན་ལས་གཞན་དག་ཕལ་བར་བཟུང་ནས། ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ། ཤང་སྡེའི་ཡུལ་སྐོར་སོགས་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གྱི་གཙོ་ཁྲིད་ཐོན་ལས་གཏོད། ཞིང་བའི་མཉམ་ལས་ཁང་ལ་དམ་པོར་དམིགས་ནས་གསར་གཏོད་ཧུར་ཐག་དང་། “ཏང་ཀྲི་པུའུ། + མཉམ་ལས་ཁང་། + དབུལ་ཕོངས་ཁྱིམ་ཚང་།”དང “ཀྲི་པུའུ + མཉམ་ལས་ཁང”སོགས་དབུལ་སྐྱོར་བྱེད་སྟངས་གསར་བ་འཚོལ་ཞིབ་བྱས་ནས། ནུས་ལྡན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་བསྡུ་སྒྲིལ་བྱས་ནས་སྲིད་ཇུས་ཀྱི་ཕན་པ་ཆེན་པོ་ཐོབ།
    ཞིང་སྡེའི“བསྒྱུར་གསུམ”བསྒྱུར་བཅོས་ལ་ཟུང་འབྲེལ་གྱིས། སྲིད་གཞུང་གིས་གཙོ་ཁྲིད་ཐོན་ལས་གསར་བ་གོང་འཕེལ་གཏོང་བར་ཁྲིད་སྟོན་བྱས་ནས། ཤོ་བ་ཧོར་རིགས་ཤང་གི་ལ་པ་སྡེ་བས་བསྟུད་མར་སྒོག་པ་མུའུ 130འདེབས་འཛུགས་བྱས་ཤིང་། རིམ་བསགས་བྱས་ན་ཡོང་འབབ་སྒོར་ཁྲི 14.4དང་དབུལ་ཕོངས་ཁྱིམ་ཚང་ལ་མི་རེར་ཆ་སྙོམ་ཁེ་སྤོགས་སྒོར 2069བགོས།
    “ཞིང་སྡེ་དར་རྒྱས”ལ་བརྟེན་ནས་ཐུན་མོང་དཔལ་འབྱོར་གོང་འཕེལ་བཏང་བ་དང་། ས་ཁོངས་ཀྱི་ཧེ་བག་ལ་བརྟེན་ནས་ཚན་རིག་གིས་གཞི་ཁྱོན་ཅན་གྱི་ཁྱད་ལྡན་ལས་གཉེར་གྱི་གྲུབ་ཆ་གཙོ་བོ་འཛུགས་པར་ཇུས་འགོད་བྱས་པ། ཏ་ཀྲོང་སྡེ་བས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་ཀུང་སི་བཙུགས་ཤིང་། ཞིང་ཁྱིམ་སྤྲོ་ར 15དང་མགྲོན་ཁང 3གོང་འཕེལ་བཏང་བ་དང་དབུལ་ཕོངས་མི་གྲངས་ཀྱི་ལས་ཞུགས་བསྡུ་ལེན་བྱས། ཀོང་ཁ་སྡེ་བས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས། ཞིང་བས་སྨན་རྫས་མུའུ 1800འདེབས་འཛུགས་བྱེད་པར་སྐུལ་མ་བཏང་བ་དང་། ཞིང་བའི་རྨོ་ཞིང་གླས་བ། མང་ཚོགས་ལས་ཞུགས་བསྡུ་ལེན་དང་། མང་ཚོགས་ཀྱི་ནང་སྐྱེ་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སྤེལ་བྱས་པས། དབུལ་ཕོངས་འབྱུང་ཚད 0.85%མར་ལ་བབ་ཅིང་། མང་ཚོགས་ཀྱི་ཡིད་རྟོན་རུང་ཚད 98%ཡན་ལ་བསླེབས།
    ཤོ་བ་ཤང་གི་འགན་ཁུར་བས་རྗེས་ཕྱོགས་སུ་ཤང་འདིའི་ཐོན་ཁུངས་ཀྱི་ལེགས་ཆ་དང་དོན་དངོས་ལ་བརྟེན་ནས། སྔར་ལས་ལྷག་པར་དུ་ཐོན་ལས་དབུལ་སྐྱོར་དང་ཡུལ་སྐོར་དབུལ་སྐྱོར་སོགས་བྱ་བ་གཙོ་བོ་ཡག་པོ་བསྒྲུབ་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལོན་པའི་ཡིད་ཆེས་དང་ཆོད་སེམས་ཤུགས་ཆེན་དུ་གཏོང་དགོས་པའི་བསམ་ཚུལ་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།