中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གོམ་པ་བརྟན་པོའི་ངང་གོང་དུ་སྤེལ་བ།
དུས་ཚོད།2020-05-15 17:09:52     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་ཤས་ནང་དུ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར 8ཀྱིས་རོང་འབྲོག་སྡེའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་བྱེད་པ་དང་། གསར་དར་དཔལ་འབྱོར་རྩ་འཛུགས་གཞི་རྟེན་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གོང་འཕེལ་དུ་བཏང་ནས། སྔར་ལས་ལྷག་པར་དུ་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་ལེགས་པོ་བཏིང་།
    བརྟག་དཔྱད་བྱས་པ་ལྟར་ན། ཁུལ་ཡོངས་ཀྱི་ཤང་གྲོང(སྲང་ལམ་དོན་གཅོད་ཁང)99ཡི་སྡེ་བ 662ཀྱི་ཁྲོད་དུ་ཞིང་ཆེན་རིམ་པའི་དབུལ་ཕོངས་སྡེ་བ 309ཡིས་སྡེ་བའི་སྤྱི་གྲངས་ཀྱི 49.7%ཟིན་ཡོད་པ་དེ། 2019ལོར་ཁྱོན་ཡོངས་ནས་དབུལ་ཕོངས་སེལ་བ་རེད། དབུལ་ཕོངས་མ་ཡིན་པའི་སྡེ་བ 353གྱིས་སྡེ་བའི་སྤྱི་གྲངས་ཀྱི 53.3%ཟིན་ཡོད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་མེད་པའི་སྡེ་བ 2019ལོར་ཁྱོན་ཡོངས་ནས་དབུལ་ཕོངས་སེལ་བ་རེད། ཁུལ་ཡོངས་ཀྱི་རོགས་སྐྱོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དམིགས་སར་འབྱོར་བའི་མ་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི 39230.74ཡོད་པ་དང་། སྡེ་བ 436དང་འབྲེལ། སྡེ་བ 662ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི 2670.3དང་། སྡེ་བའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི 4.03ཡོད། དབུལ་ཕོངས་སྡེ་བ 309ཡི་སྤྱིའི་ཡོང་འབབ་སྒོར་ཁྲི 1612.8དང་། སྡེ་བའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི 5.2ཡོད། དབུལ་ཕོངས་མ་ཡིན་པའི་སྡེ་བའི་ཡོང་འབབ་སྒོར་ཁྲི 1057.5དང་སྡེ་བའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི 3ཡོད། མ་དངུལ་གྱི་ཡོང་ཁུངས་ནས་བལྟས་ན། རོགས་སྐྱོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གོང་འཕེལ་མ་དངུལ་སྒོར་ཁྲི 2069.81ནི་གཙོ་བོ་རྒྱལ་ཁབ་ཀྱི་ནོར་སྲིད་དང་རྩ་འཛུགས། ཞིང་ལས་དང་ཞིང་སྡེ་སོགས་ཀྱི་སྡེ་ཁག་ནས་ཐོན་པ་དང་། སྤྱིའི་ཡོང་འབབ་ཀྱི 77.52%ཟིན་ཡོད། ལས་གཉེར་ཡོང་འབབ་སྒོར་ཁྲི 420.11ནི་གཙོ་བོ་ས་ཞིང་འགན་ལེན་ལས་གཉེར་དང་བོགས་གཏོང་ལས་གཉེར། ངལ་ལས་ཡོང་འབབ་སོགས་ཡིན་པ་དང་། སྤྱིའི་ཡོང་འབབ་ཀྱི 15.75%ཟིན་ཡོད། ཁ་གསབ་ཡོང་འབབ་སྒོར་ཁྲི 53.8ཀྱིས་སྤྱིའི་ཡོང་འབབ་ཀྱི 2%ཟིན་ཡོད། ཡོང་འབབ་གཞན་དག་སྒོར་ཁྲི 126.25ཡོད་པ་དེས་སྤྱིའི་ཡོང་འབབ་ཀྱི 4.73%ཟིན་ཡོད། སྡེ་བ་རིམ་པའི་ཡོང་འབབ་ཀྱི་ངོས་ནས་བལྟས་ན་ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་གོང་འཕེལ་དོ་མི་མཉམ་པ་སྟེ། ཡོང་འབབ་སྒོར་ཁྲི 1མན་གྱི་སྲིད་འཛིན་སྡེ་བ 83ཡོད་པས། སྡེ་བའི་སྤྱི་གྲངས་ཀྱི 12.5%ཟིན་ཡོད། སྒོར་ཁྲི 1-2བར་གྱི་སྲིད་འཛིན་སྡེ་བ 149ཡོད་པས། སྡེ་བའི་སྤྱི་གྲངས་ཀྱི 22.5%ཟིན་ཡོད། སྒོར་ཁྲི 2-5བར་གྱི་སྲིད་འཛིན་སྡེ་བ 278ཡོད་པས། སྡེ་བའི་སྤྱི་གྲངས་ཀྱི 42%ཟིན་ཡོད། སྒོར་ཁྲི 5ཡན་གྱི་སྲིད་འཛིན་སྡེ་བ 152ཀྱིས་སྡེ་བའི་སྤྱི་གྲངས་ཀྱི 23%ཟིན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།