中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་ཡིད་ཆེས་ཁྲོམ་སྲང་གསར་གཏོད་བྱས་ནས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལ་གཞོགས་འདེགས་བྱས་པ།
དུས་ཚོད།2020-05-20 11:08:21     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རྒྱལ་ཁབ་རིམ་པའི་དཔལ་ཡོན་གྲོང་ཁྱེར་གསར་གཏོད་བྱ་བ་སྤེལ་བ་ནས་བཟུང་། གཙོས་གྲོང་ཁྱེར་གྱིས་ཡིད་ཆེས་ཁྲོམ་སྲང་གསར་གཏོད་བྱ་རྒྱུ་དེ་སྐར་ཁུང་ཞིག་ཏུ་བརྩིས་ནས་རྒྱུན་ལྡན་གྱི་ཉོ་ཚོང་ཁྲོད་གཞན་ལ་ཡིད་ཆེས་སྟེར་རྒྱུ་ནི་མི་ཚུལ་ལྡན་ཞིག་བྱེད་པའི་རྩ་བ་དང་བྱ་གཞག་གཏོད་པའི་རྩ་བ་ཡིན་པ་དེ་ཚོང་ཁྱིམ་དང་གྲོང་མིའི་སེམས་སུ་ཟུག་པར་བྱས་ནས། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་ཏེ་དཔལ་ཡོན་གྲོང་ཁྱེར་གསར་གཏོད་བྱེད་པའི་བྱ་བས་མི་རྣམས་ལ་དངོས་ཕན་ཐོབ།
    ཤར་ལམ་གཉིས་པའི་ཝུན་ཀྲོའུ་ཚོང་ལས་ཁྲོམ་སྲང་གི་རྔ་མོང་རྟགས་ཅན་གྱི་གྱོན་གོས་ཚོང་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་པའི་མགྲོན་པོ་རྒྱུན་མི་ཆད། ཚོང་དཔོན་ཝང་ཞུའེ་ཕུང་གིས 2019ལོར་གཙོས་གྲོང་ཁྱེར་གྱིས་ཝུན་ཀྲོའུ་ཚོང་ལས་ཁྲོམ་སྲང་གི་ཡིད་ཆེས་ཁྲོམ་སྲང་གསར་གཏོད་བྱེད་པར་རྒྱ་ཆེའི་ཚོང་ཁྱིམ་གྱི་རྒྱབ་སྐྱོར་ཐོབ་པ་དང་། ང་ཚོས་ལས་རིགས་སོ་སོས་དངོས་ཟོག་རྫུན་མ་མི་འཚོང་བ་དང་། རིན་གོང་ཧམ་སྤར་མི་བྱེད་པ། བཙན་ཉོ་བཙན་ཚོང་མི་བྱེད་པ་བཅས་ཁས་ལེན་བྱས་ནས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱས། ཚོང་གཉེར་ཡིད་ཆེས་ངང་བྱས་ནས་ཤར་ལམ་གཉིས་པའི་ཝུན་ཀྲོའུ་ཚོང་ལས་ཁྲོམ་གཞུང་དེ་གཙོས་གྲོང་ཁྱེར་གྱི‘ཁྲོམ་གཞུང་ཨང་དང་བོ’རུ་འགྱུར་བ་བྱ་རྒྱུ་དེ་ཡིན་ཞེས་བཤད།
    ལས་བྲེལ་ཆེ་བའི་ཚོང་ལས་ཁྲོམ་སྲང་འདི་རུ་རིགས་གཅིག་པའི་ཐོན་རྫས་ཚོང་གཉེར་བྱེད་པའི་ཚོང་པའང་མི་ཉུང་བ་ཞིག་ཡོད་པ་དང་། ཚོང་གཉེར་བས་རིགས་གཅིག་པའི་ཐོན་རྫས་ལ་ངོ་བོ་མི་འདྲ་བའི་ཞབས་ཞུ་བྱས་ཏེ་གཞུང་དྲང་ངང་ཚོང་གཉེར་བྱས་ནས། ལྷག་བསམ་རྣམ་དག་གིས་སྐུ་མགྲོན་གྱི་ཡིད་ཆེས་ཐོབ་པ་བྱེད་ཀྱིན་ཡོད།
    ཤར་ལམ་གཉིས་པའི་ཝུན་ཀྲོའུ་ཚོང་ལས་ཁྲོམ་སྲང་ནི་གཙོས་གྲོང་ཁྱེར་དུ་སྐད་གྲགས་ཆེ་ལ་འདུ་འཛི་ཆེ་བའི་ཚོང་ལས་ཁྲོམ་སྲང་ཞིག་ཡིན་པ་དང“ཡིད་ཆེས་དཔེ་སྟོན་ཁྲོམ་སྲང”གསར་གཏོད་ཀྱི་དམིགས་ཡུལ་ནི་ཡིད་ཆེས་འཛུགས་སྐྱོང་གི་ཁོར་ཡུག་ལེགས་པར་ བསྐྲུན་ཏེ། གཞུང་དྲང་ཡིད་ཆེས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱས་ནས་གཙོས་གྲོང་ཁྱེར་གྱི་སྤྱི་ཚོགས་ཡིད་ཆེས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་ནས་བཟུང་། གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཚན་མང་བོས་གཞོགས་འདེགས་བྱས་ཏེ་ཡིད་ཆེས་ཁྲོམ་སྲང་གི་སྲུང་ར་དང་ཚོང་གཉེར་ཁྱིམ་ཚང་གི་སྒོ་ཁ་དང་སྒོ་འགྲམ་དུ་ཉེན་ཟོན་བྱང་བུ་བརྒྱ་ལྷག་བཀལ་ཡོད་པ་དང་། དེ་དང་ཆབས་ཅིག་ཏུ་ཚོང་གཉེར་ཁྱིམ་ཚང་དང“ཡིད་ཆེས་གཉེར་སྐྱོང་སྤྱི་ཆིངས”ལ་མིང་རྟགས་བཀོད་དེ་ཐུན་མོང་སྒོས་བརྩི་སྲུང་བྱས་ནས། ཚོང་ཁྱིམ་གྱིས་ཡིད་ཆེས་ལ་མཐོང་ཆེན་དང་། ཡིད་ཆེས་སྲུང་བ་བཅས་ཀྱི་མིག་དཔེ་བཟང་བོ་བསྐྲུན་ནས་ཡིད་ཆེས་ཀྱི་རྣམ་པ་གཙོས་ཀྱི་ས་གཞི་ཆེན་མོར་ཁྱབ་པར་བྱེད་པ་དང་། “མཛེས་སྡུག་ལྡན་པའི་གཙོས་གྲོང་ཁྱེརམཐོ་སྒང་གི་མུ་ཏིག་གྲོང་ཁྱེར”གསར་གཏོད་ལ་ཡིད་ཆེས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་བོ་བསྐྲུན་ནས། གཙོས་གྲོང་ཁྱེར་གྱི་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་ངང་གོང་འཕེལ་ལ་སྐུལ་འདེད་བཏང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།