中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བྱམས་སེམས་ཀྱི་ཤོག་ཟུང་ཤུགས་ཀྱིས་རྐྱོང་བའི་ལྷ་རྗེ་བཟང་བོ།།--ཀན་ལྷོ་ཁུལ་གྱི་སྔོན་ཐོན་བྱ་བྱེད་པ་ལིའུ་དབྱིན་ཝུའུ་ཡི་གནས་ཚུལ་རགས་བཀོད།
དུས་ཚོད།2020-05-20 11:09:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)དུས་ཆེན་དང་ངལ་གསོའི་དུས་ཚོད་མེད་པ་དང་ལོ་ཧྲིལ་བོར་ནད་པ་མི་ཐེངས་ཁྲི 3ལྷག་ལ་སྨན་བཅོས་བྱས་པ་དང་ཆ་སྙོམས་ཉིན་རེར་ནད་པ་མི་ཐེངས 100ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད། གྲངས་ཀ་དེ་དག་ནི་གཙོས་གྲོང་ཁྱེར་མ་བུ་བདེ་སྲུང་འཆར་ལྡན་བུ་སྐྱེས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཚན་ཁག་ཡོངས་ཀྱི་སྨན་རམས་པ་གཞོན་པ་ལིའུ་དབྱིན་ཝུའུ་ཡིས་ལོ་མང་བོའི་རིང་གི་ལས་ཀའི་རྒྱུན་རྣམ་ཡིན།
    ལོ་བཅུ་ལྷག་གི་རིང་ལ། ལིའུ་དབྱིན་ཝུའུ་ཡིས་གཙོས་གྲོང་ཁྱེར་མ་བུ་བདེ་སྲུང་འཆར་སྐྱེས་ལྟེ་གནས་སུ་འབད་འབུངས་ལྷོད་མེད་དང་སྒེར་སེམས་སྤུ་ཙམ་ཡང་མེད་པར་ཚན་ཁག་མང་བོ་གསར་དུ་བཙུགས་ནས་རིན་ཐང་སྒོར་ཁྲི་སྟོང་མང་བོ་ཡོད་ཀྱང་བེད་མེད་དུ་ལུས་པའི་སྨན་བཅོས་སྒྲིག་ཆས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ནད་པ་ཞག་སྡོད་བྱེད་ས་མེད་པ་ནས་ད་ལྟ་ལོ་རེར་ནད་པ་མི་ཐེངས 1000ལྷག་སྨན་ཁང་དུ་འདུག་ས་ཡོད་ལ། ལོའི་ཡོང་སྒོ་སྒོར་ཁྲི 3ནས་སྒོར་ཁྲི 800ལྷག་ཟིན་པ་དང་། གཏན་འཇགས་རྒྱུ་ནོར་སྒོར་ཁྲི 50ལྷག་ནས་ད་ལྟའི་སྒོར་ཁྲི 1000ལྷག་ཟིན་ཡོད།
    ལོ་ངོ 27རིང་དཀའ་སྤྱད་དངོས་སྒྲུབ་ཀྱིས་ལས་རིགས་ཀྱི་མཛེས་རིས་ལེགས་པར་བྲིས་པ།
    ལིའུ་དབྱིན་ཝུའུ་ཡི་གནས་ཚུལ་གླེང་སྐབས་ཁོང་གིས་སྨན་བཅོས་བྱས་མྱོང་བའི་ནད་པ་ཡིན་ནའང་འདྲ་ལས་རོགས་ཡིན་ནའང་འདྲ་ཚང་མས་བསྟོད་བའི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད།
    ལིའུ་དབྱིན་ཝུའུ་ཡིས་ནམ་ཡང་ལུས་ལ་དྭངས་གཙང་གི་སྨན་གོས་དཀར་བོ་གྱོན་ཞིང་བྱམས་བརྩེ་ལྡན་ལ་ངང་རྒྱུད་རིང་བ་དང་། ཁོས་རོགས་རམ་བྱ་དགོས་པའི་མི་རེ་རེར་སེམས་ཁུར་བྱས་མུས་སུ་ཡོད། 1993ལོར་ཁོང་ཀན་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐར་ཕྱིན་དེ་གཙོས་གྲོང་ཁྱེར་ཀླུ་ཤོད་ཤང་སྨན་ཁང་དུ་ལས་བགོས་བྱས་པ་དང་། ས་གནས་དེ་རུ་ལོ་ངོ 11ལ་བསྡད་པ་དང་། ལོ 11གི་རིང་ཤང་ཡོངས་ཀྱི་སྲིད་འཛིན་སྡེ་བ 6དང་རང་བྱུང་སྡེ་བ 32ཀྱི་འཆར་ལྡན་རིམས་འགོག་བྱ་བ་ཁོ་གཅིག་པུས་དང་ལེན་བྱས།
    2004ལོར་ལིའུ་དབྱིན་ཝུའུ་བཙུགས་མ་ཐག་པའི་གཙོས་གྲོང་ཁྱེར་རྒྱ་མཁར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་བོ་རུ་ལས་ཀ་སྤོར་བ་དང་། སྐབས་དེར་གྲོང་ཁྱེར་གྱི་ནོར་སྲིད་ཛ་དྲག་ཡིན་ལ། མི་སྣ་དང་སྒྲིག་ཆས་སོགས་ཀྱི་ཐད་དཀའ་ཁག་ཧ་ཅང་ཆེ། ལིའུ་དབྱིན་ཝུའུ་ཡིས་རང་སྒེར་གྱི་སྒོར་ཁྲི 5གཡར་ནས་འཁོར་སྤྱོད་མ་དངུལ་བྱས་པས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ད་གཟོད་འཁོར་སྐྱོད་ཐུབ་པ་བྱུང་།
    2010ལོར་ལིའུ་དབྱིན་ཝུའུ་གཙོས་གྲོང་ཁྱེར་མ་བུ་བདེ་སྲུང་ས་ཚིགས་ཀྱི་འཆར་ལྡན་བུ་སྐྱེས་ཞབས་ཞུའི་ལྟེ་གནས་སུ་ལས་ཀ་སྤར། ཁོས་སྣེ་ཁྲིད་བྱས་པའི་འོག་སྔར་ཡོད་ཚན་ཁག་འཐུས་ཚང་དུ་བཏང་ནས་བྱིས་པའི་བདེ་སྲུང་སྒོ་བསྟེན་དང་། བུད་མེད་ཀྱི་བདེ་སྲུང་སྒོ་བསྟེན། ལུས་པོར་བརྟག་དཔྱད་ལྟེ་གནས། ཐོན་སྐྱེད་ཚན་ཁག ཕོ་ཤེལ་ཁང་། DRཁང་སོགས་ཚན་ཁག་ཇེ་མང་དུ་གཏོང་གྲབས་བྱས། 2015ལོའི་ཟླ 8པར་ནད་པ་སྡོད་པའི་ཐོག་ཁང་འཛུགས་གྲུབ་བྱུང་ནས་སྤྱོད་འགོ་ཚུགས་པ་དང་། 2017ལོའི་ཟླ 8པར་སྒོ་བསྟེན་སྨན་བཅོས་ཁང་དུ“ལིའུ་དབྱིན་ཝུའུ་ངལ་རྩོལ་དཔེ་བཟང་གསར་གཏོད་བྱ་བྱེད་ཁང”བཙུགས།
    “ཀན་སུའུ་ཞིང་ཆེན་གྱིས་རྒྱུངས་སྐྱའི་གཉན་ཚད་མེད་པར་བཟོ་བའི་བྱ་བའི་སྔོན་ཐོན་མི་སྒེར”དང་། “ཀན་ལྷོ་ཁུལ་འཕྲོད་བསྟེན་མ་ལག་གི་སྔོན་ཐོན་བྱ་བྱེད་མཁན”“ཀན་ལྷོ་ཁུལ་འཕྲོད་བསྟེན་མ་ལག་གི་ལས་ཐོག་འཇོན་ཐང་ཅན་སྐོར་དང་བོ”“ཀན་ལྷོ་ཁུལ་ཕུལ་བྱུང་ཤེས་ལྡན་པ”“ཀྲུང་གོའི་ཕུགས་འདུནགཙོས་གྲོང་གི་ཆེས་མཛེས་པའི་མི”བཅས་ཀྱི་མཚན་སྙན་དང་། “ཀྲུང་གོའི་ཕུགས་འདུནཆེས་མཛེས་པའི་ཀན་ལྷོའི་མི”སོགས་ཀྱི་མིང་འདོན་བྱ་དགའ་སོགས་གཟི་བརྗིད་མཚན་སྙན་མང་བོ་ཐོབ་མྱོང་། མཚན་སྙན་དེ་དག་གི་རྒྱབ་ཏུ་མང་ཚོགས་གྱིས་སྨན་པ་བཟང་བོ་དེས་ལས་བཀུར་ལེགས་སྐྱེས་འབུལ་བ་དང་དཀའ་སྤྱད་དངོས་སྒྲུབ་ལ་ཁས་ལེན་དང་བསྔགས་བརྗོད་གང་ལེགས་ཐོབ་ཡོད་པ་མཚོན་ཐུབ།
    ཟླ་བ་གསུམ་ལྷག་གི་རིང་སྔོན་དུ་བསྐྱོད་དེ་ཚེ་སྲོག་གི་བདེ་འཇགས་བརྟན་སྲུང་བྱས་པ།
    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་སྐབས། ལིའུ་དབྱིན་ཝུའུ་འཐབ་ས་དང་བོ་རུ་མདོང་མཆོང་བྱས་ནས་སྐབས་རེ་མྱུར་བགྲོད་གཞུང་ལམ་གྱི་ལྷོ་བྱང་གི་ས་ཚིགས་དང་རླངས་འཁོར་ས་ཚིགས་བྱང་མ་སོགས་ས་ཚིགས་སུ་བྱ་བར་མཛུབ་ཁྲིད་བྱེད་བཞིན་ཡོད་ལ། སྐབས་རེ་སྔོན་བཤེར་རིགས་དགར་སྨན་བཅོས་བྱ་ཡུལ་གྱི་ཡུལ་དངོས་སུ་སོང་ནས་སྨན་བཅོས་མི་སྣ་དང་སྨན་བཅོས་དངོས་ཟོག་ལུགས་མཐུན་དང་མཐུན་སྦྱོར་ངང་བཀོད་གཏོང་བྱེད་པའི་འགན་ཁུར་གྱི་ཡོད། དེ་མ་ཟད་རང་ཉིད་ཀྱིས་དངོས་སུ་སྣེ་ཁྲིད་དེ་གཅིག་སྡུད་གསོ་རིག་ལྟ་ཞིབ་ས་ཚིགས་གཉིས་སུ་སོང་དེ། ལོ་མང་གི་བྱ་བའི་ཉམས་མྱོང་ལ་བརྟེན་ཏེ་ལུགས་མཐུན་བཀོད་སྒྲིག་བྱས་ནས་བྱ་བ་ཐམས་ཅད་བདེ་བླག་ངང་སྤེལ་ཐུབ་པ་བྱུང་། ད་དུང་ཁོས་རང་འགུལ་སྒོས་ནད་པ་དང་འབྲེལ་མཐུད་དམ་ཟབ་ཡོད་མཁན་དང་། ཕྱི་རྒྱལ་ནས་ཕྱིར་ལོག་པའི་མི་སྣ།  ཧུའུ་པའེ་ནས་ཕྱིར་ལོག་མི་སྣ་བཅས་ཀྱི་འགྲུལ་སྐྱེལ་དང་དུག་སེལ་བྱ་བ་དང་བསང་ཆུ་གནམ་གྲུ་ཐང་གི་ཕྱིར་ལོག་མི་སྣའི་སྐྱེལ་འདྲེན་ལས་འགན་ཁུར་བ་ཡིན།
    འདི་ལྟར་ལོ 27རིང་ལིའུ་དབྱིན་ཝུའུ་ཡིས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་བོར་འབད་འཐབ་བྱེད་མཁན་སྨན་བཅོས་བྱ་བྱེད་པ་མང་བོ་དང་འདྲ་བར། ཚེ་སྲོག་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ཁོས་སྤྱིར་བཏང་གི་ལས་གནས་ཐོག་རང་ཉིད་ལ་དབང་བའི་ངོ་མཚར་ཆེ་བའི་མི་ཚེ་ཞིག་བརྩམས་དང་རྩོམ་བཞིན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།