中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་གི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དབུ་བརྙེས་པ།
དུས་ཚོད།2020-05-25 09:30:55     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  ཅོ་ནེ་རྫོང་གི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དེ་ས་གནས་ཀྱི་རྒྱ་ཆེའི་ཡིག་གཟུགས་ལ་དགའ་མཁན་ཚོས་གྲ་སྒྲིག་ཞིབ་ཚགས་དང་འབད་པ་ཧུར་ཐག་བྱས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཆེན་པོའི་འོག་དངོས་སུ་དབུ་བརྙེས།
\
     ཟླ5ཚེས24ཉིན། ཅོ་ནེ་རྫོང་གི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་དང་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཅོ་ནེ་རྫོང་དུ་ཚོགས། ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་དང་། སྔར་གྱི་ཀན་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་གུ་དྲག ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཕྱག་རྡོར་ཚེ་རིང་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་གདན་ཞུས་ལྟར་མཛད་སྒོར་ཞུགས།
\\
      ཚོགས་ཐོག་ཏུ་ཅོ་ནེ་རྫོང་གི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་སྒྲིག་ཡིག་ལྟར་སྐལ་བཟང་རྒྱ་མཚོ་ཅོ་ནེ་རྫོང་གི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་རྡོ་རྗེ་རིན་ཆེན་དང་། སྔར་གྱི་ཀན་ལྷོ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་གུ་དྲག་དང་། ཅོ་ནེ་རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཚེ་རིང་རྡོ་རྗེ། སྔར་གྱི་ཁུལ་སྲིད་གྲོས་ལོ་རྒྱུས་ཡིག་ཚགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མགོན་པོ་དབང་རྒྱལ། ལན་ཀྲུའོ་ཁུལ་གསར་སློབ་འབྲིང་གི་སློབ་གཙོ་གཞོན་པའམ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྣང་འབུམ་ཡག་བཅས་མཐུན་ཚོགས་ཀྱི་བློ་འདོན་པར་གདན་ཞུ་བྱས་པ་མ་ཟད། ཅོ་ནེ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག དྲུང་ཡིག་གཞོན་པ། ལས་འཛིན་བཅས་ཀྱང་བདམས་ཐོན་བྱུང་།
\
     གྲོས་ཚོགས་མཇུག་སྒྲིལ་རྗེས། ཅོ་ནེ་རྫོང་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ཡིག་གཟུགསའགྲེམ་སྟོན་དང་། ཆེད་མཁས་པ་རྣམས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་བ། ཕན་ཚུན་གྱི་བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ།།
                                                      (གསར་འགོད་པ་ཀླུ་འབུམ་ཚེ་རིང་གིས་པར་བླངས་ཤིང་གནས་ཚུལ་བཀོད།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།