中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།གཙོས་གྲོང་ཁྱེར་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།
དུས་ཚོད།2020-07-24 14:59:21     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར་གཙོས་གྲོང་ཁྱེར་སྲིད་གྲོས་ཀྱིས 2020ལོའི་ལོ་འཁོར་གྱི་ཨུ་ཡོན་གྱི་འགན་སྒྲུབ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
      གསོ་སྦྱོང་འཛིན་གྲྭའི་ཐོག་ཞིང་ཆེན་སྲིད་གྲོས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཝེ་ཅུན་གྱིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོ་ཆེད་དོན་གསོ་སྦྱོང་དང་ཟུར་ཁྲིད་བྱས།
      ཐེངས་འདིའི་གསོ་སྦྱོང་ནི་གྲོང་ཁྱེར་སྲིད་གྲོས་ཀྱིས་ཨུ་ཡོན་རྩ་འཛུགས་བྱས་པའི་སློབ་སྦྱོང་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱིས་སློབ་སྦྱོང་ལ་ཤུགས་སྣོན་པར་སྐུལ་མ་གཏོང་བའི་འགོ་ཚུགས་ས་བཟང་བོ་ཞིག་ཀྱང་ཡིན། དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། རྒྱལ་ཡོངས་ཀྱི “ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་དང་། དུས་རབས་གསར་བའི་སྲིད་གྲོས་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་དེ་བས་ལེགས་པོ་འབུལ་རྒྱུ་དེ་ཡིན།
      གྲོས་ཚོགས་ཐོག ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་སྟེ། ཤེས་རྟོགས་དང་དངོས་ཐོག་བདེན་འཚོལ་བཅས་ཀྱི་ཐད་ལ་ཤུགས་སྣོན་དགོས་ལ། སྲིད་གྲོས་ཤེས་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ནན་སྲུང་། སྤྱོད་ཚུལ་ལ་མཐོང་ཆེན་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།
      གཙོས་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་ཁུར་བ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་སོགས་མི 80གསོ་སྦྱོང་དུ་ཞུགས།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།