中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།ཅོ་ནེ་རྫོང་གིས་རོང་འབྲོག་སྡེ་བའི་གསང་སྤྱོད་གསར་བརྗེ་ཡི་བྱ་བ་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་པ།
དུས་ཚོད།2020-07-24 15:01:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ( རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ) ཉེ་བའི་ལོ་ཤས་རིང་ཅོ་ནེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བསྐྲུན་པ་དང་ལག་བསྟར་ནན་མོ་བྱས། ཀྲེ་ཅང་གི“སྡེ་བ་སྟོང་ཕྲག་གི་དཔེ་སྟོན་དང་སྡེ་བ་ཁྲི་ཕྲག་སྒྲིག་བཅོས”ཀྱི་ལས་གྲྭའི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། “གསང་སྤྱོད་གསར་བརྗེ”དེ་ཐོག་མཐའ་བར་གསུམ་དུ་ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་དུ་བརྩིས་ནས། “གསར་བརྗེ་ཆེན་པོ་གསུམ”དང་“བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་ནན་མོ་བྱས་ཤིང་། “སྒྲིག་འགལ་འཛུགས་སྐྲུན་བཤིག་པའི་ཉིན་བརྒྱའི་མཁྲེགས་གཏོར་བྱ་སྤྱོད”ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་རོང་འབྲོག་ཁྱིམ་ཚང་གི་གསང་སྤྱོད་ཁང་དང་ཤང་གྲོང་དང་སྡེ་བའི་སྤྱི་བའི་གསང་སྤྱོད་ཁང་། མཛེས་ལྗོངས་དང་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གསང་སྤྱོད་ཁང་བཅས་སྒྱུར་བཀོད་དང་འཛུགས་སྐྲུན་ལ་དམིགས་ཏེ་རོང་འབྲོག་སྡེ་བར་སྤྱི་བའི་གསང་སྤྱོད་ཁང་དཀོན་པ་དང་ཁྱིམ་ཚང་དུ་གསང་སྤྱོད་ཁང་མེད་པ། གཙང་སྦྲའི་ཆ་རྐྱེན་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི“གསང་སྤྱོད་ཁང”གི་ཞན་ཆ་ཧུར་ཐག་གིས་ཁ་གསབ་བྱས་ནས་དཔལ་ཡོན་གྱི་གསང་སྤྱོད་ལྟ་བུའི་དར་སྲོལ་གསར་བ་རིམ་བཞིན་ཆགས་ཡོད། ད་སྐབས། རིམ་རྩིས་བྱས་ན་སྡེ་བ་རིམ་པའི་སྲིད་འཛིན་གསང་སྤྱོད་ཁང 94སྒྱུར་བཀོད་བྱས་པ་དེས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བའི 97%ཟིན་པ་དང་ཁྱིམ་ཚང་གི་གསང་སྤྱོད་ཁང་སྣ་ཚོགས 15501འཛུགས་སྐྲུན་བྱས་པ་དེས་རྫོང་ཡོངས་ཀྱི་སྤྱིའི་ཁྱིམ་ཚང་གི 80.6%ཟིན་ཡོད།
      ཅོ་ནེ་རྫོང་གིས་གསང་སྤྱོད་ཁང་བསྒྱུར་བཀོད་ཀྱི་གྲངས་འབོར་ལ་མཐོང་ཆེན་བྱེད་པ་མ་ཟད། སྤུས་ཚད་དང་ཕན་འབྲས་ལ་དེ་བས་མཐོང་ཆེན་བྱས། བྱ་བའི་དོན་དངོས་ཁྲོད་འཛུགས་སྐྲུན་དང་དོ་དམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལས་ཀའི་འགན་འཁྲི་ཁ་གསལ་དང་མྱུར་ཚད་དང་དམིགས་ཚད་ཞིབ་ཕྲ་བཏང་བ། དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་མཚུངས་སུ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་ལ་ཤུགས་བསྣན་ནས། དཔྱད་ཞིབ་རྩིས་ལེན་ནན་མོ་དང་སྤུས་ཚད་དང་ཕན་འབྲས་འགན་ལེན་བཅས་བྱས། འཛུགས་སྐྲུན་ཚར་བའི་ཁྱིམ་ཚང་གི་གསང་སྤྱོད་ཁང་དང་སྤྱི་བའི་གསང་སྤྱོད་ཁང་ཁྱོན་ཡོངས་ལ་ཁྱབ་པའི་དཔྱད་ཞིབ་རྩིས་ལེན་བྱས། མྱུར་ཚད་སྔོན་དཔག་དང་མཐུན་པ་དང་སྤུས་ཚད་བླང་བྱ་དང་མཐུན་པ། ཕན་འབྲས་བཟང་ཤོས་ཡིན་པ་བཅས་འགན་ལེན་བྱས།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།