中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།དབུལ་ཕོངས་ཀྱི་ཧེ་ཀོའུ་སྡེ་བ་གནས་སྤོ་བྱས་རྗེས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་མོ་བྱུང་བ།
དུས་ཚོད།2020-07-24 15:04:27     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ལིན་ཐན་རྫོང་ཧྲི་མོན་ཤང་ཀྲན་ཆི་ཧོ་སྡེ་བ་གསར་བར་སོང་ན། གྲལ་སྙོམས་ཤིང་ཕྱི་མཛེས་པའི་ཁང་བ་གསར་བ་དང་གཙང་ཞིང་དག་པའི་ཨར་འདམ་ལམ་བུ། ཨ་སྔོན་དབྱིངས་ཀྱི་སྤྲིན་དཀར་འོག་དང་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་གྱི་མཛེས་རྒྱན་འོག་སྔར་བས་ལྷིང་འཇགས་དང་འཆམ་མཐུན་ལྡན་པའི་རྣམ་པ་ཞིན་གསལ་ལེར་མངོན། ཧེ་ཀོའུ་སྡེ་བའི་སྡེ་མི་རྣམས་འདི་གར་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་རོལ་འགོ་ཚུགས།
      ཧྲི་མོན་ཤང་ཀྲན་ཆི་གཙང་བོའི་རང་བྱུང་སྡེ་བ་ནི་རི་མགོར་ཆགས་ཡོད་ལ། འདི་གའི་མང་ཚོགས་རྣམས་གནའ་སྔ་མོ་ནས་བཟུང་རི་བོར་བརྟེན་ནས་འཚོ་སྡོད་བྱས་ཡོད། ཉེ་བའི་ལོ་ཤས་རིང་རི་ཉིལ་བ་དང་ས་འོག་གི་ཆུ་གནས་དམའ་རུ་སོང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཐོན་སྐྱེད་དང་འཚོ་བ་ཚང་མར་འཇིགས་སྐུལ་ཆེན་པོ་ཐེབས། རྗེས་ལུས་ཀྱི་འགྲིམ་འགྲུལ་ཆ་རྐྱེན་དང་ཉམས་ཞན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་ཕྱུག་འགྱུར་གྱི་འཕེལ་རིམ་ལ་ཚོད་འཛིན་ཚབས་ཆེན་བྱུང་།
     “ཞིང་སྡེར་ཐེངས་དང་པོར་བསྐྱོད་པ་ན། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་དེ། བགྲོད་ལམ་དང་འཐུང་ཆུ། བྱིས་པ་སློབ་གྲྭར་གཏོང་བ་སོགས་ཀྱི་ཐད་ང་ལ་མྱོང་ཚོར་ཟབ་མོ་ཞིག་བྱིན། ཁོ་ཚོའི་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ཞན།” ཧྲི་མོན་ཤང་དབུལ་སྐྱོར་བྱ་བྱེད་ས་ཚིགས་ཀྱི་ཚན་གཙོ་གཞོན་པ་ལིའུ་ཀྲི་ཆིང་གིས་མདུན་ཕྱོགས་ཀྱི་ཁང་བར་མཛུབ་མོ་བཙུགས་ནས་བཤད་རྒྱུར། དེ་སྔའི་སྡོད་ཁང་ནི་འདི་འདྲའི་རྣམ་པ་ཞིག་ཡིན་པ་དང་སྡེ་བའི་འགྲོ་ལམ་ཡང་ཤིན་ཏུ་ཞན་ཏེ། དུས་རྒྱུན་དུ་སྡེ་བར་བསྐྱོད་དེ་ཁྱིམ་ཚང་དུ་ཞུགས་པར་ཆུ་ཚོད་གཉིས་ཙམ་དགོས།
     ད་སྐབས་ཆི་ཧོ་གཙང་བོའི་སྡེ་བ་གསར་བར་ཞུགས་ན་གྲལ་སྙོམས་ཤིང་ཕྱི་མཛེས་པའི་ཁང་བ་གཉིས་བརྩེགས་ཅན་དང་གཙང་ཞིང་དག་པའི་སྲང་ལམ། ་གྲལ་སྙོམས་ཤིང་འོད་གསལ་བའི་ལམ་སྒྲོན། ཚོན་མདངས་རྣམ་པར་བཀྲ་བའི་ལམ་འགྲམ་ལྗང་འགྱུར། སྒྲིག་བཀོད་ཆ་ཚང་བའི་ལུས་སྦྱོང་ཐང་ཆེན་བཅས་མཛེས་སྡུག་ལྡན་པའི་ཞིང་སྡེའི་རི་མོ་ཞིག་མིག་ལམ་དུ་མངོན།
     ཉེ་བའི་ལོ་ཤས་རིང་། ལིན་ཐན་རྫོང་གིས་ཤུགས་ཆེན་པོས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་སྡེ་བ་ཧྲིལ་བོ་གསར་སྐྲུན། སྡོད་ཁང་བསྒྱུར་བཀོད་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཞན་ཆ་ཐག་གཅོད་ནན་མོ་བྱས། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ལ་རྫོང་ཡོངས་ཀྱི་ཞིང་སྡེ་དར་རྒྱས་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།