中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2020-07-31 16:40:59     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     ༄༅།། ཟླ 7པའི་ཚེས 26ཉིན་ནས་ཚེས 28ཉིན་བར། ཀུའེ་ཀྲོའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མུའུ་ཏེ་ཀུའེ་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་རིག་གནས་དང་ཇ་ལོ་དང་ཡུལ་སྐོར་ཟུང་འབྲེལ་གྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།
    ཞིང་ཆེན་དམངསས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་། དེ་མིན་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཧྲང་ཞུའེ་ཅེ་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།
   ༄༅།། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་རྟོག་ཞིབ་ཚོགས་པ་ཁྲིད་དེ། ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་དུ་སོང་ནས་མཁའ་ལམ་ཤར་གཏོང་ཐུབ་པའི་བྱ་བར་འབྲེལ་མཐུད་བྱས། ཁོས“ཧྲིན་ཀྲིན་དང་བསང་ཆུ”བར་གྱི་མཁའ་ལམ་ཤར་གཏོང་གིས་མཛའ་བརྩེའི་ལག་ཟུང་དམ་དུ་སྦྲེལ་ཏེ། ཀན་ལྷོ་དང་ཧྲིན་ཀྲིན་ས་ཁུལ་གཉིས་འཕེལ་རྒྱས་ཆེན་པོ་འགྲོ་ཆེད་སྒོ་མོ་གསར་བ་ཕྱེ་ངེས་ཞེས་བསྟན།།
   ༄༅།། ཉེ་ཆར། ཀན་ལྷོ་ཁུལ་ངལ་རྩོལ་དཔེ་བཟང་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་འགོ་ནང་ཐངཀན་ལྷོའི་ཞིང་སྡེ་དར་རྒྱས་སློབ་ཁང་ཆེན་མོར”ཚོགས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཅན་གོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།།
༄༅།།ཉེ་ཆར། བསང་ཆུ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་དཔེ་མཚོན་གྱོད་དཔེ་ཁག་ཅིག་བརྡ་ཁྱབ་བཏང་བ་དང་། སྲིད་དོན་གཙང་སྐྱོང་གི་སློབ་གསོའི་རྟེན་གཞི་ཞིག་ལ་ལྟ་སྐོར་བྱས་ཤིང་། སྲིད་དོན་གཙང་སྐྱོང་གི་ཏང་གི་སློབ་ཁྲིད་ཐུན་གཅིག་དང་། སྲིད་དོན་གཙང་སྐྱོང་གི་དྲིལ་བསྒྲགས་ཐེངས་གཅིག ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་གྱི་ཆེད་དོན་ཟུར་ཁྲིད་ཐེངས་གཅིག་བྱས་ཤིང་། ཉེན་ཟོན་སློབ་གསོའི་གློག་བརྙན་ཞིག་བལྟས་པ་བཅས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད། རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རྨང་རྡོ་བརྟན་པོ་འཛུགས་ཡོད།།
  ༄༅།།ད་ལོ་ནས་བཟུང་། ཀླུ་ཆུ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུའི་མངགས་གཏོང་སྒྲིག་གཞི་ཁག་གིས་འབྲེལ་གཏུག་སྡེ་ཚན་གྱི་རྒྱུན་ལྡན་གྱི་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་མི་འདང་བ་དང་། སྲིད་ཇུས་ལག་བསྟར་ལ་ནོར་འཛོལ་ཡོད་པ། བྱ་བའི་འགན་འཁྲི་ལག་བསྟར་གནད་ལ་མི་ཁེལ་བ། རྒྱུན་ལྡན་གྱི་དོ་དམ་ནན་པོ་མེད་པ། ལམ་ལུགས་ལམ་སྲོལ་ལ་སྐྱོན་ཆ་ཡོད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཀླུ་ཆུ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུའི་མངགས་སྡོད་སྒྲིག་གཞིས་ཁྱོན་ཡོངས་ལ་ཁྱབ་པའི་ལྟ་སྐུལ་བྱ་བ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཇུས་གཞིའིནང་དོན་དང་བླང་བྱ་གཞིར་བཟུང་ནས། ལྟ་ཞིབ་ཀྱི་གྲོས་གཞི་དང་སྒྲིག་ཁྲིམས་ཞིབ་བཤེར་གྱི་གྲོས་གཞི་འདོན་སྟངས་ལ་བརྟེན། འབྲེལ་གཏུག་སྡེ་ཚན་ལ“ནད་གཞི”འཚོལ་བ་དང“ཐབས་བཟང”བཏོན་ནས། གནད་དོན་ཞིག་རྙེད་ཐུབ་པ་དང་། བྱ་ཐབས་ཤིག་སྤྱོད་པ། ལམ་ལུགས་ཤིག་འཐུས་ཚང་དུ་གཏོང་བ། སྟོང་ཆ་གཅིག་བསྐུངས་ནས“མངག་གཏོང”གི་དབང་གྲགས་དང“བཅའ་སྡོད”ཀྱི་ལེགས་ཆ་སྔར་བས་མངོན་གསལ་དུ་བཏང་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།