中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུས་ཏང་ཡོན་ལས་བྱེད་པ་ཁྲིམས་འགལ་ངང“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”ལ་ཞུགས་པ་དང་སྤེལ་བ་གཏན་འགོག་བྱེད་པའི་བརྡ་ཐོ་བཀྲམ་པ།
དུས་ཚོད།2020-07-31 16:44:05     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར་ཀན་ལྷོ་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུས་བརྡ་ཐོ་བཀྲམ་ནས། ཏང་ཡོན་ལས་བྱེད་པ་དང་། རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ཁྲིམས་ལྟར་གཞུང་དོན་བྱ་འགུལ་སྤེལ་བའི་འབྲེལ་ཡོད་མི་སྣས་བུ་ཕྲུག་སློབ་རིམ་འཕར་བའི་གོ་སྐབས་དང་བསྟུན་ནས་སྒྲིག་འགལ་གྱིས“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”སོགས་སྤེལ་བའི་ཐད་བླང་བྱ་བཏོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་འོག་གི་སྤྱོད་བཟང་སྒྲིག་ནན་གྱི་བྱ་བར་ཤུགས་བསྣན་ནས། “སྤྱོད་ཚུལ་བཞི”ཡི་གནད་དོན་བསྐྱར་ལོག་སྔོན་འགོག་བྱ་དགོས།
    བརྡ་ཐོའིནང་བསྟན་པར། སྔར་ལས་ལྷག་པར་དུ་བརྗོད་དོན་གཙོ་བོ་དོན་འཁྱོལ་བྱ་དགོས། རྫོང་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་ཏང་དོ་དམ་དང་ཏང་སྐྱོང་གི་ལས་འགན་ལྗིད་མོ་ཕྲག་ཏུ་འཁུར་ནས། ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་གཞུང་ལས་མི་སྣར་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱེད་པར་སྔར་ལས་ཤུགས་སྣོན་དགོས་ལ། སྒྲིག་ཁྲིམས་ལས་འགལ་ནས“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”སོགས་ཀྱི་གནད་དོན་སླར་ཡང་ཐོན་རྒྱུ་གཏན་འགོག་བྱ་དགོས། ལྷག་པར་དུ་ད་ལོ་བུ་ཕྲུག་སློབ་གྲྭ་ནས་ཐོན་ཏེ་སློབ་རིམ་འཕར་བའི་ཏང་ཡོན་ལས་བྱེད་པའམ་གཞུང་ཞབས་པར་སློབ་གསོ་དང་དྲན་སྐུལ་བྱ་རྒྱུར་ཤུགས་སྣོན་དགོས། སྲིད་གཙང་གླེང་མོལ་དུས་ཐོག་ཏུ་སྤེལ་ནས་སྔ་མོ་ནས་བསླབ་བྱ་དང་སྔ་མོ་ནས་དྲན་སྐུལ་དང་སྔ་མོ་ནས་ཡོ་བསྲང་། སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་འགན་འཁྲི་ལག་བསྟར་ཏན་ཏིག་བྱ་དགོས། རང་ཉིད་མངའ་ཁོངས་ཀྱི་དགེ་རྒན་དང་ལས་བཟོ་བའི་སློབ་གསོ་དང་། ལྟ་སྐུལ། དོ་དམ་བཅས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།
    བརྡ་ཐོའིནང་དུ། “གཏན་འགོག་བདུན”བཏོན་པ་སྟེ། གཅིག་ནི་བུ་ཕྲུག་སློབ་རིམ་འཕར་བའི་གོ་སྐབས་ལ་བརྟེན་ནས་བཀོལ་སྤྱོད་བྱེད་པའམ་ཡང་ན་མི་གཞན་གྱི་མིང་ཐོག་ནས་སྔ་སྣུར་དང་། ཁག་ཐེངས་བགོ་བ། ས་གནས་དབྱེ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་གཏན་འགོག་བྱེད་པ་དང་། གཉིས་ནས་བུ་ཕྲུག་སློབ་རིམ་འཕར་བའི་གོ་སྐབས་སྤྱད་དེ་གཉེན་ཉེ་ཕུད་པའི་སྡེ་ཚན་དང་མི་སྒེར་གང་རུང་གི་འབུལ་རྟེན་དང་། མིང་སྣ་ཚོགས་ཀྱི་ཐོག་ནས་དངུལ་དང་དངོས་པོ་བཅས་ལེན་པ། གསུམ་ནི་གཉེན་ཉེ་ཕུད་པའི་སློབ་རིམ་འཕར་བའི་རྟེན་འབྲེལ་བྱ་འགུལ་ནང་ཞུགས་རྒྱུ་གཏན་འགོག་བྱ་དགོས། བཞི་ནི་བུ་ཕྲུག་སློབ་རིམ་འཕར་བའི་མིང་ཐོག་ནས་མགྲོན་བསུ་དང་གཉེན་ཉེ་ཕུད་པའི་མི་སྣ་གདན་ཞུ་བྱེད་པ་གཏན་འགོག་བྱ་དགོས། ལྔ་ནི་མིང་སྣ་ཚོགས་བཏགས་ནས་གཞུང་དངུལ་དང་སྤྱི་རྫས་སམ་ཡང་ན་ཁེ་ལས་དང་། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་དངུལ་དང་དངོས་རྫས་སྤྱད་དེ་གསོལ་སྟོན་དང་བུ་ཕྲུག་གི་སློབ་སྦྱོང་འགྲོ་གྲོན་རྩིས་ཞུ་བྱེད་པ་སོགས་གཏན་འགོག་བྱ་དགོས། དྲུག་ནི་གཞུང་སྤྱོད་རླངས་འཁོར་དང་གཞུང་དངུལ་སྤྱོད་པའམ་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་རླངས་འཁོར་དང་དངུལ་སྤྱད་དེ་བུ་ཕྲུག་སློབ་གྲྭར་སྐྱེལ་བསུ་དང་ཕྱི་རུ་ཡུལ་སྐོར་དུ་སྐྱོད་པ་གཏན་འགོག་བྱ་དགོས། བདུན་ནི་སྒྲིག་འགལ་ངང“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་བཀའ་དྲིན་ཞུ་བའི་གསོལ་སྟོན”སྤེལ་བ་གཏན་འགོག་བྱ་དགོས།
    བརྡ་ཐོའིནང་བསྟན་དོན། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་སྔར་བས་ཤུགས་བསྣན་ནས་ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱ་དགོས། མངོན་ཞིབ་ལྐོག་འདྲི་དང་། ཆེད་དོན་ཞིབ་བཤེར། སྐབས་བསྟུན་འཐེན་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྒྲིག་འགལ་ངང་བཀོལ་སྤྱོད་དང“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”སོགས་ཀྱི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། བསམ་གཟས་སྒྲིག་འགལ་གྱིས“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”སོགས་ཀྱི་གནད་དོན་གཅིག་ཤེས་རྟོགས་བྱུང་ན་གཅིག་ཞིབ་བཤེར་ཐག་གཅོད་དང་དཔེ་མཚོན་གྱོད་གཞི་གཅིག་དམར་འདོན་བྱས་ནས། བྱ་བའི་བྱ་ཐབས་དོན་དངོས་དང་མི་མཐུན་པ། སློབ་གསོ་དང་ལྟ་སྐུལ་གནད་དུ་མི་ཁེལ་བ། སྡེ་ཚན་དེ་གར་ཏང་ཡོན་ལས་བྱེད་པ་དང་གཞུང་དོན་སྒྲུབ་མཁན་གྱིས་སྒྲིག་འགལ་ངང“སློབ་རིམ་འཕར་བའི་གསོལ་སྟོན”དང“དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་བའི་གསོལ་སྟོན”སོགས་ཀྱི་གནད་དོན་ཐོན་པར“གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”ལག་ལེན་བསྟར་བ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ་དང་གནད་དོན་མངོན་གསལ་དོད་པའི་སྡེ་ཚན་དང་ཚན་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།