中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རུ་དྭངས་གྲོང་རྡལ་གྱིས་གསར་བརྗེའི་སྒུལ་ཤུགས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
དུས་ཚོད།2020-07-31 16:56:25     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཟླ་བདུན་པའི་ཐེ་བོ་རྫོང་རུ་དྭངས་གྲོང་རྡལ་ནི་ལྗང་མདོག་གིས་ཀུན་ནས་བཀླུབས་ཤིང་གསོན་ཤུགས་རབ་ཏུ་རྒྱས།
   རུ་དྭངས་གྲོང་རྡལ་གྱིས་ཧུར་ཐག་གིས“ཏང་འཛུགས་སྐྱོང+ཐོན་ལས་འཕེལ་རྒྱས”ཀྱི་རྣམ་པ་གསར་གཏོད་བྱས་ནས། གྲོག་རོང་ཁུལ་དུ་དཔལ་འབྱོར་གྱི་ཤིང་ཏོག་འདེབས་འཛུགས་དང་རི་ཁུལ་དུ་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལ་གཞིགས་ཏེ། “ཀྲི་པུའུ་ཐོན་ལས་འབྲེལ་ཐག་སྟེང་དུ་འཛུགས་པ་དང་ཏང་ཡོན་ཐོན་ལས་འབྲེལ་ཐག་སྟེང་དུ་འདུ་བ། མང་ཚོགས་ཐོན་ལས་འབྲེལ་ཐག་ཐོག་ཕྱུག་པོ་ཡོང་བ”བྱ་རྒྱུ་རྩ་བར་བཟུང་སྟེ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། མཉམ་ལས་ཁང་གིས་ཞབས་འདེགས་ཞུ་བ། ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་བཅས་བྱས་པ་བརྒྱུད་དེ་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཐོན་ལས་ཀྱིས་མི་དམངས་ཕྱུག་པོར་གཏོང་བའི”ལམ་དུ་ཞུགས།
    ད་ལོ། ང་ཚོའི་ཤེས་གཙང་སྡེ་བས་སྟར་ཀ་མུའུ 60དང་ཀུ་ཤུ་མུའུ 80འདེབས་འཛུགས་བྱས་པའི་རྨང་གཞིའི་ཐོག་མཉམ་ལས་ཁང་ཐུན་མོང་གིས་ཐོན་ལས་ཀྱི་ཁ་ཕྱོགས་བསྒྱུར་ཏེ། ཡུལ་བྱ 3000གསོ་སྤེལ་བྱས་ནས་འཕེལ་རྒྱས་སུ་བཏང་བ་དང་། གནའ་བོད་རོང་འབྲོག་ཡུལ་སྐོར་རིག་གནས་ཁྲིད་སྦྱོང་མྱོང་རོལ་གྱི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གིས་དབུལ་ཁྲིད་ཕྱུག་འགྱུར་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པས། སྡེ་མིའི་སྒོ་འགྲམ་གྱི‘རང་འདེགས་དངུལ་ཁང’དང་དབུལ་ཐར་མཁྲེགས་གཏོར་གྱི‘སྒུལ་ཤུགས་གསར་བ’ཞིག་ཏུ་གྱུར་ཡོད”ཅེས་རུ་དྭངས་གྲོང་རྡལ་གྱི་ཀྲིན་ཀྲང་གཞོན་པ་ལང་ཡུའེ་ཀྲུང་གིས་གསར་འགོད་པར་དེ་ལྟར་བཤད།
    ཉེ་བའི་ལོ་ཤས་རིང་། རུ་དྭངས་གྲོང་རྡལ་གྱིས་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་རྩ་བར་བཟུང་སྟེ། ཐེ་བོའི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། མིག་སྔར་ནས་རྐང་བཙུགས་ཤིང་རྒྱང་རིང་ལ་དམིགས་ཏེ། འདེབས་འཛུགས་ཐོན་ལས་དང་ཞིང་སྡེ་དར་རྒྱས“གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་བཅས་དམ་པོར་སྦྲེལ་བ་དང་། ནགས་ཚལ་དང་ཤིང་ཏོག་འདེབས་འཛུགས་དེ་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཡུལ་སྐོར་གྱི་ཚད་ཤིང་སྡེ་བ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། ནགས་ཚལ་དང་ཤིང་འབྲས་དཔལ་འབྱོར་དང་ཁྱད་ལྡན་གསོ་སྤེལ། ལྟ་སྐོར་དཔལ་འབྱོར་གྱི་ཞིང་སྡེ་དར་རྒྱས་གཏོང་བའི་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་ཞིང་། ཏང་འཛུགས་སྐྱོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དབུལ་སྐྱོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཏང་འཛུགས་སྐྱོང་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་གསར་བ་བསྐྲུན་ཏེཏང་འཛུགས་སྲ་བརྟན་དང་རྩ་འཛུགས་སྟོབས་ལྡན། མང་ཚོགས་ཕྱུག་པོ”བཅས་ཀྱི་ཕན་འབྲས་ཐོན།
    སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་དུས་མཚུངས་སུ། ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་པ་དང་ཏང་འཛུགས་སྐྱོང་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་བ་བསྐྲུན། “ཐོན་ལས་ལྔ་དང་སྐུལ་ཁྲིད་གཅིག་གི”ཁྱིམ་ཚང་རིམ་པའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཏང་འཛུགས་སྐྱོང་དང་ཐོན་ལས་དབུལ་སྐྱོར་ཟུང་འབྲེལ་གྱིས་ཐོན་ལས་དང་སྐྱེ་ཁམས་མཉམ་འདྲེས་དང་ཕན་ཚུན་ཡར་རྒྱས་འགྲོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ཏང་ཀྲི་པུའུ་ཡི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། ཏང་འཛུགས་སྐྱོང་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་བ་ཞིག་ཆགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།