中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ།
དུས་ཚོད།2020-09-23 11:19:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཀླུ་ཆུ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ལས་བྱེད་པ་ཡོངས་རྩ་འཛུཊ་བྱས་ཏེ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུཊ་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས།
    ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་སྟེ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། ཐབས་ཇུས་དེའི་སྙིང་བོ་དང་དགོངས་དོན་དངོས་ལ་ངོས་འཛིན་ཟབ་མོ་བྱས་ནས་གཏིང་ཟབ་དང་བྱང་ཆུབ་པར་སློབ་སྦྱོང་བྱེད་ཐུབ་པ་བྱ་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་གཞི་འཛིན་ས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་འདུས་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བར་སྐུལ་འདེད་ནན་མོ་གཏོང་བ་དང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཧུར་ཐག་ངང་སྣེ་ཁྲིད་བྱ་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་བྱ་བ་སྔར་ལས་ལྷག་པར་དུ་གཏིང་ཟབ་ཏུ་སྤེལ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གཙོ་གནད་བྱ་བ་དང་དམ་ཟབ་སྒོས་ཟུང་འབྲེལ་ཏེ་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱ་བ་ལེགས་པོ་སྒྲུབ་དགོས་པ་དང་། དྲིལ་བསྒྲགས་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་ཞེས་བསྟན།།         (དངོས་སྦྱོང་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།