中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འཛུགས་སྐྲུན་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས“འཚར་ལོངས་འཆར་གཞིའི”བྱ་དགའི་མ་དངུལ་སྒོར་ཁྲི 6བཏང་བ།
དུས་ཚོད།2020-09-25 16:21:42     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།ཉེ་ཆར། འཛུགས་སྐྲུན་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས་གཙོས་སློབ་འབྲིང་གཉིས་པའི་སློབ་མ 20ལ“འཚར་ལོངས་འཆར་གཞིའི”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར 3000རེ་སྤྲད་པ་དང་བསྡོམས་པས་སྒོར་ཁྲི 6བཏང་།
    ཤེས་རྟོགས་བྱུང་བ་ལྟར་ན། “འཚར་ལོངས་འཆར་གཞིའི”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་ནི་འཛུགས་སྐྲུན་དངུལ་ཁང་གིས་ཀུན་སྤྱོད་དང་། ཤེས་རིག  ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའམ་ཡང་ན་རིག་ཚན་ཅིག་ཏུ་མངོན་གསལ་དོད་པའི་གྲུབ་འབྲས་ཐོན་པའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་གི་ཕུལ་བྱུང་མཐོ་རིམ་སློབ་འབྲིང་སློབ་མའི་སྤྱི་ཕན་རོགས་སྐྱོར་ལས་གཞི་ཞིག་རེད། ཉེ་བའི་ལོ་ཤས་རིང་ལ། འཛུགས་སྐྲུན་དངུལ་ཁང་གིས་སྤྱི་ཚོགས་ཀྱི་ཁུར་བོ་ཕྲག་ཏུ་བླངས་ནས་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་བྱས་ནས། “འཚར་ལོངས་འཆར་གཞིའི”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་མ་དངུལ་སྤྲད་པ་བརྒྱུད་རང་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་ལ་གཅེས་སེམས་ཀྱི་ལེགས་སྐྱེས་ཕུལ།
    གཙོས་སློབ་འབྲིང་གཉིས་པའི་འགན་ཁུར་བས་འཛུགས་སྐྲུན་དངུལ་ཁང་གིས་དངུལ་རྩའི་མ་དངུལ་ལ་བརྟེན་ནས་ཕུལ་བྱུང་སློབ་མར་རོགས་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུས་ཤིང་། རོགས་སྐྱོར་ཐོབ་པའི་སློབ་མས་སློབ་སྦྱོང་ཧུར་ཐག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་འཛུགས་སྐྲུན་དངུལ་ཁང་གི་གཅེས་སེམས་ཆེན་པོ་རང་འགུལ་ངང་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པའི་བསམ་ཚུལ་བཏོན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།