中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཐེན་ཅིན་གྲོང་ཁྱེར་གྱི་ཧོ་ཞི་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་ཅོ་ནེ་རུ་ཡོང་ནས་སྨན་བཅོས་འཕྲོད་བསྟེན་གྱི་རོགས་སྐྱོར་བྱ་བ་སྤེལ་བ།
དུས་ཚོད།2020-09-25 16:22:48     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།ཉེ་ཆར། ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་ཅོ་ནེ་རྫོང་དུ་ཡོང་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི“སྨན་བཅོས་ཞབས་ཞུའི”བྱ་འགུལ་སྤེལ།
    ཆེད་མཁས་ཚན་ཆུང་སྔ་རྗེས་སུ་ཅོ་ནེ་རྫོང་མི་དམངས་སྨན་ཁང་གི་ཚན་ཁག་སོ་སོའི་ནང་དུ་བསྐྱོད་དེ་རིག་གཞུང་སྤེལ་རེས་དང་། ནད་ཁང་ཞིབ་བཤེར། འོས་འགན་སྨན་བཅོས་བཅས་ཀྱི་བྱ་འགུལ་སྤེལ་བ་དང་། ཅོ་ནེ་རྫོང་གཏོགས་སྨན་བཅོས་འཕྲོད་བསྟེན་ཚན་ཁག་གི་སྨན་ལས་མི་སྣ་དང་ཤང་གྲོང་ཁག་གི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་དང་ལས་སྒོའི་རྐང་འཛིན་པར་ལས་སྒོའི་གསོ་སྦྱོང་སྤེལ།
    རིགས་མཐུན་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ། ཕྱོགས་གཉིས་ཀྱིས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་ལས་འགན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཧོ་ཞི་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཅོ་ནེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཚུན། ཧོ་ཞི་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཤེས་ལྡན་མི་སྣའི་རོགས་སྐྱོར་དང་། ལག་རྩལ་རྒྱབ་སྐྱོར། སྒྲིག་ཆས་ཞལ་འདེབས། མ་དངུལ་གྱི་རོགས་སྐྱོར་སོགས་ཀྱི་ཐད་ནས་ཅོ་ནེ་རྫོང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་ཡོད། རྫོང་ཡོངས་ཀྱི་མི་དམངས་ཀྱིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བྱས་པ་བརྒྱུད་རྫོང་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་བས་ལེགས་སུ་ཕྱིན་ཡོད། ལག་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཚན་ཁག་འཛུགས་སྐྱོང་སྔར་བས་ཚད་ལྡན་དུ་གྱུར་བ། ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་ལག་རྩལ་གསར་བ་བཀོལ་སྤྱོད་བྱེད་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཁྱོན་ཡོངས་ནས་འགན་ལེན་བྱས།།                            (དངོས་སྦྱོང་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་བསྒྱུར།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།