中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གིས་སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོ”དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་སྤེལ་བ།
དུས་ཚོད།2020-09-25 16:24:42     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།ཟླ 9ཚེས 21ཉིན་རྨ་ཆུ་རྫོང་གི་སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོ”དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་རྫོང་གེ་སར་རིག་གནས་ཐང་ཆེན་དུ་སྤེལ།
    སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་འབྱེད་ཉིན་མོ”དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་སྤེལ་བའི་དམིགས་ཡུལ་ནི་བསྡོམས་རྩིས་བྱ་བ་སྔར་ལས་ལྷག་པར་གསལ་ཆ་ཐོན་པར་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་བསྡོམས་རྩིས་བྱ་བའི་ནང་ཞུགས་པ་དང་། བསྡོམས་རྩིས་ལ་རྒྱུས་ལོན་བྱེད་པ། བསྡོམས་རྩིས་ལ་རྒྱབ་སྐྱོར་བྱེད་པའི་དུས་མཚུངས་སུ། སྤྱི་ཚོགས་ལས་རིགས་ཁག་ལ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ངོ་སྤྲོད་དང་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་རྒྱབ་རྟེན་བཅོལ་ནས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་བྱ་བ་ལེགས་པར་སྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན།
    རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་སྤེལ་བ་ནི་རང་རྒྱལ་གྱི་མི་འབོར་གྱི་གནས་ཚུལ་གསལ་རྟོགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཡོངས་བཤེར་དེ་ཡོངས་བཤེར་བ་ཁྱིམ་ཚང་དུ་བསྐྱོད་ནས་ཐོ་འགོད་བྱེད་པའམ་ཡང་ན་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་བརྒྱུད་དེ་རང་འགུལ་གྱིས་རེའུ་མིག་བཀོད་དེ་ཐོ་འགོད་བྱེད་སྟངས་སྤྱོད། ཡོངས་བཤེར་བྱ་བ 2020ལོའི་ཟླ 11ཚེས 1ཉིན་གྱི་ཐོ་རེངས་ནས་དངོས་སུ་སྤེལ་འགོ་བརྩམ་རྒྱུ་ཡིན་པ་དང་། གཙོ་བོ་མི་འབོར་དང་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱ་རྒྱུ་དེ་ཡིན། དེའི་ནང་དུ་རུས་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་མཚོན་བྱེད་ཀྱི་ཨང་རྟགས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱོང་ཚད། ལས་རིགས། གནས་སྤོ་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། ཚེ་འདས། སྡོད་ཁང་སོགས་ཀྱི་གནས་ཚུལ་ཚུད་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ཁྲོད་འཕྲེད་འགེལ་སྦྱར་ཡིག 3བཀལ་བ་དང་འགྲེམས་པང 8འགྲེམས་སྟོན་བྱས་ཤིང་། མི་འབོར་ཡོངས་བཤེར་གྱི་དྲིལ་བསྒྲགས་ཤོག་ལྷེ 1000ལྷག་དང་། དྲིལ་བསྒྲགས་ཤོག་ཕོར 3000ལྷག  གཙང་ཤོག་ཤོག་སྒམ 300ལྷག་དང་དྲིལ་བསྒྲགས་པང་ཁེབས 300འགྲེམ་གཏོང་བྱས།།
               (དངོས་སྦྱོང་སློབ་མ་སངས་རྒྱས་འཚོས་བསྒྱུར།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།