中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། པར་རིས་གསར་འགྱུར།
དུས་ཚོད།2020-11-16 10:21:57     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    \
    ཉེ་ཆར། འབྲུག་ཆུ་རྫོང་གོང་སྨད་གྲོང་རྡལ་གྱི་དུས་རབས་གསར་བའི་ཤེས་དཔལ་ལག་བསྟར་ཁང་གི“བརྩེ་སེམས་སྐྲ་ཁང”དངོས་སུ་འཁོར་སྐྱོད་བྱས། པར་འདི་ནི་སྟོད་གོས་དམར་པོ་གྱོན་པའི་དང་བླངས་པས་རྒན་པར་རིན་མེད་ངང་སྐྲ་བཞར་བཞིན་པའི་ཚུལ་ཡིན།
    གོང་སྨད་གྲོང་རྡལ་གྱི་དུས་རབས་གསར་བའི་ཤེས་དཔལ་ལག་བསྟར་ཁང་གི“བརྩེ་སེམས་སྐྲ་ཁང”གིས་གྲོང་རྡལ་གྱི་ལོ 65ཡན་གྱི་རྒན་རྒོན་ལ་རིན་མི་དགོས་པར་སྐྲ་བཞར་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒན་རྒོན་ཚོར་ལམ་ཐག་རིང་བོ་འགྲོ་མི་དགོས་པ་དང་། སྒོར་སྐར་མ་གང་ཡང་གཏོང་མི་དགོས་པར་ཐོབ་ཐང་ལག་འཁྱེར་ལ་བརྟེན་ནས་ཐོ་འགོད་བྱས་ན་རིན་མེད་ངང་སྐྲ་བཞར་ཆོག དུས་མཉམ་དུ་གྲོང་རྡལ་གྱི་འགུལ་སྐྱོད་སྟབས་བདེ་མིན་པའི་རྒན་པ་དང་དབང་བོ་སྐྱོན་ཅན་སོགས་དམིགས་བསལ་ཅན་གྱི་མི་ལ་རིན་མེད་ངང་སྒོ་ཁར་ཞབས་ཞུ་བྱེད་པར་སོང་ནས་མཐའ་འཁོར་གྱི་རྒན་རྒོན་རྣམས་ཀྱི་སྐྲ་བཞར་དཀའ་བའི་གནད་དོན་ཐག་གཅོད་བྱས།།
(དངོས་སྦྱོང་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།