中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང“གློད་ སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ།
དུས་ཚོད།2020-11-18 11:03:40     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) དཔང་ཡིག་སྒྲུབ་པར་ཡོང་བའི་སྐུ་ཞབས་ཝང་ལགས་དགའ་སྤྲོའི་ངང་ནས“ད་ལྟ་དངོས་གནས་སྟབས་བདེ་རེད་ཡ། སྲིད་གཞུང་གི་ཞབས་ཞུའི་ཚོམས་ཆེན་དུ་སོང་ཚེ་བྱ་བ་ཚང་མ་སྒྲུབ་ཐེངས་གཅིག་གིས་སྒྲུབ་ཐུབ་ལ། ལས་ཁུངས་རེ་རེ་བཞིན་རྒྱུག་མི་དགོས”ཟེར།
    སྲིད་གཞུང་གི་ཞབས་ཞུའི་ཚོམས་ཆེན་དུ་སོང་ཚེ་ལས་བྱེད་མི་སྣས་སྤྲོ་སེམས་འཁོལ་བའི་སྣེ་ལེན་བྱེད་པ་དང་། དམིགས་བསལ་གནས་ཚུལ་ད་དུང་སྒོ་རྩར་ཡོང་ནས་སྒྲུབ་རོགས་བྱེད་ལ། དམིགས་བསལ་གྱི་བྱ་བ་དམིགས་བསལ་ངང་སྒྲུབ་ཐུབ་པས། ཁེ་ལས་ལ་དཀའ་ངལ་ཡོད་ཚེ་སེམས་ཁྲལ་བྱེད་མི་དགོས་པར་འབྲེལ་ཡོད་སྡེ་ཁག་སོ་སོས་རེ་རེ་བཞིན་རྗེས་འདེད་ཞབས་འདེགས་ཞུ། ལོ་རྒྱུས་ཐོག་ལུས་པའི་གནད་དོན་རང་འགན་གཞན་དཀྲི་དང་ཕྱིར་འགྱངས་མི་བྱེད་པར། བྱ་ཐབས་གསར་བ་དང་བྱེད་སྟངས་གསར་བས་རྩ་བ་ནས་ཐག་གཅོད་ཐུབ། ཞིབ་དཔྱོད་ཁྲིམས་འཛིན་ཚད་ལྡན་དུ་འགྲོ་བ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་ཆོད་ཆེ་རུ་འགྲོ་བ། མང་ཚོགས་ཀྱིས་བྱ་བ་བསྒྲུབ་པ་སྟབས་བདེ་རུ་འགྲོ་བཞིན་ཡོད།
    ཚོང་གཉེར་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་ཡིན། ཉེ་བའི་ལོ་ཤས་རིང་དུ། གཙོས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བར“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཏོན་པའི་བླང་བྱ་གསར་བ་ལག་ལེན་དོན་འཁྱོལ་བྱས་པ་དང་། སྲིད་གཞུང་གི་འགན་ནུས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བར་སྐུལ་འདེད་བཏང་སྟེ། 《གཙོས་གྲོང་ཁྱེར་གྱིས“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྔོན་ལ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པ་གཏན་འབེབས་བྱས་ལ། མུ་མཐུད་དུ་“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་སྲིད་དོན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནུས་ཤུགས་ཡོད་རྒུས་བྱ་བ་སྒྲུབ་པ་སྟབས་བདེ་དང་ཁྲིམས་སྐྱོང་ལེགས་པ། འགྲན་རྩོད་ཁྲོད་ནས་འཕེལ་རྒྱས་འགྲོ་བ། སྐྱེ་ཁམས་དང་བྱ་བར་འཚམ་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས།
    དམངས་ཀྱི་རེ་བ་ནི་སྲིད་སྐྱོང་གི་ཁ་ཕྱོགས་སུ་བྱས་ཏེ། མང་ཚོགས་དང་ཁེ་ལས་ཀྱིས་བཏོན་པའི་གནད་འགག་ལ་དམིགས་ནས། གཙོས་གྲོང་ཁྱེར་གྱིས་སྲིད་དོན་ཁོར་ཡུག་འཛུགས་སྐྲུན་དང་ཚོང་རའི་ཁོར་ཡུག་འཛུགས་སྐྲུན། ཁྲིམས་སྐྱོང་ཁོར་ཡུག་འཛུགས་སྐྲུན། མི་ཆོས་ཁོར་ཡུག་འཛུགས་སྐྲུན་དང་ལྟ་སྐུལ་འགན་ལེན་རྐྱེན་སྲོལ་བཅས་ལ་ཤུགས་བསྣན་ཏེ་འགན་དབང་གསལ་ཐོ་ལེགས་སྒྲིག་དང་ཆ་འཕྲིན་ཡོངས་བསྒྲགས་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་ཐེ་གཏོགས་ཇེ་ཉུང་དུ་བཏང་སྟེ། དབང་ཆ་གཤམ་སྤྲོད་གཏོང་རྒྱུ་གཏིང་ཟབ་ཏུ་སྤེལ་ནས“ཚད་ལྡན་གྱི་ཞིབ་བཤེར་ཆོག་མཆན་འགོད་རྒྱུ”ཁྱབ་སྤེལ་བཏང་ནས“བྱ་བ་སྒྲུབ་ཐེངས་གཅིག་གིས་འགྲུབ་པ”མངོན་འགྱུར་བྱུང་བ་དང་། ཁེ་ལས་དང་མང་ཚོགས་ཀྱི་རེ་ཞུ“ཨང་དང་པོར་དང་ལེན་བྱ་རྒྱུ”ལག་བསྟར་བྱས།།
(དངོས་སྦྱོང་སློབ་མ་པདྨ་འཚོས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།