中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུའི་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་རྒན་པ7ལ“ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཕྱི་རྒྱལ་དུ་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་མོ་བརྒྱབ་ནས་ལོ 70འཁོར་བའི”དྲན་གསོའི་རྟགས་མ་ཐོབ་པ།
དུས་ཚོད།2020-11-18 11:06:57     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
    ད་ལོ་ནི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཕྱི་རྒྱལ་དུ་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་བརྒྱབ་ནས་ལོ 70འཁོར་བའི་ལོ་ཡིན་ལ། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་དར་སྤེལ་དང་དཔའ་བོའི་མཛད་རྗེས་བློ་ལ་ངེས་པ། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བཅས་བྱ་ཆེད། ཉེ་ཆར་འབྲུག་ཆུ་རྫོང་ཨུའི་རྩ་འཛུགས་པུའུ་དང་དམག་ཁོངས་ལས་བུད་པའི་དམག་མིའི་བྱ་བྱེད་ཅུས་ཀྱི་འགན་འཁུར་བ། རྫོང་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་ལྟེ་གནས་ཀྱི་བྱ་བྱེད་མི་སྣ་བཅས་ཏུའུ་ཅུན་ཅེ་དང་པའེ་ཡུས་ལན། ཀྲང་སན་ཧོ། ལུའུ་ཀྲེན་ཞིན། ལིའུ་པེན་ཞུས། དབྱང་ཏེ་ཧྥུ། ཞེ་ཐིའོ་ལེ་སོགས་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་བ་རྒན་པ 7གྱི་ཁྱིམ་དུ་སོང་སྟེ། ཁོང་ཚོར“ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཕྱི་རྒྱལ་དུ་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་མོ་བརྒྱབ་ནས་ལོ 70འཁོར་བའི”དྲན་གསོའི་རྟགས་མ་སྤྲད་ཅིང་བླ་ན་མེད་པའི་གུས་འདུད་དང་བཅས་མཛའ་བརྩེའི་འཚམས་འདྲི་ཞུས།
    འཐབ་འཛིང་བ་རྒན་པའི་ཁྱིམ་དུ་རྫོང་ཨུའི་རྩ་འཛུགས་པུའུ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བྱེད་ཅུས་ཀྱི་འགན་འཁུར་བས་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་བ་རྒན་པར་དྲན་གསོའི་རྟགས་མ་བྱིན་པ་མ་ཟད་ཁོ་ཚོར་འཚམས་འདྲིའི་དངུལ་ཡང་སྤྲད། དེ་མིན་ཁོ་ཚོའི་གཟུགས་གཞི་བདེ་ཐང་གི་གནས་ཚུལ་དང་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་དྲིས་ཤིང་། ཁོ་ཚོའི་ཨ་འགོག་ཁྲའོ་རོགས་ཁྲོད་ཀྱི་འཐབ་མོའི་གཏམ་རྒྱུད་ལ་ཉན།
    དྲན་གསོའི་རྟགས་མ་བཏགས་རྗེས་འཐབ་འཛིང་བ་རྒན་པ་ཚོར་སེམས་འགུལ་ཚད་མེད་ཐེབས་ཤིང་ལག་ཟུང་འདར་བཞིན་དྲན་གསོའི་རྟགས་མར་ཡང་དང་ཡང་དུ་རེག་གྱིན་སེམས་གཏིང་ནས་ཏང་དང་སྲིད་གཞུང་གིས་ཁོ་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རང་ནུས་ཡོད་རྒུས་གསར་བརྗེའི་གཏམ་རྒྱུད་བཤད་ཅིང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱ་རྒྱུ་ཞེས་བཤད།
    ཐེངས་འདིའི་དྲན་གསོའི་རྟགས་མ་ཐོབ་པའི་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་མོ་བ་རྒན་པ་ཚོའི་ཁྲོད་ནས་ལོ་ན་ཆེས་ཆུང་བ་ནི་ལོ 86དང་ལོ་ན་ཆེས་ཆེ་བ་ནི་ལོ 95ཡིན། ཁོ་ཚོ་ལོ་ན་གཞོན་དུས་སུ་བློ་ཐག་རྦད་ཆོད་ཀྱིས་དམག་ཆས་གྱོན་ཞིང་། ཁྱིམ་སྲུང་རྒྱལ་སྐྱོབ་དང་རང་སྲོག་བློས་གཏོང་། ཁྲག་བཏོན་དམར་འཛིང་བཅས་བྱས་ཏེ་དོན་དངོས་ཐོག་རྒྱལ་ཁབ་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་བརྩེ་བ་མཚོན་ཞིང་། ཁོ་ཚོ་ནི་ཨ་འགོག་ཁྲའོ་རོགས་ཀྱི་དཔའ་བོ་ཡིན་ལ་ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡང་ཡིན།།
(དངོས་སྦྱོང་སློབ་མ་དཀའ་ཐུབ་འཚོས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།


Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།