中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་རྒྱ་ར་འགབ་མའི་མེ་ཏོག་ཚོང་ཁང་གི་སྒོ་ཕྱེ་བ།
དུས་ཚོད།2020-11-18 11:10:08     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། གཙོས་གྲོང་ཁྱེར་རྒྱ་ར་འགབ་མའི་མེ་ཏོག་ཚོང་ཁང་གི་སྒོ་ཕྱེ།
    གཙོས་གྲོང་ཁྱེར་རྒྱ་ར་འགབ་མའི་མེ་ཏོག་ཚོང་ཁང་དེ་གཙོས་གྲོང་ཁྱེར་རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མའི་སྡེ་བར་གནས། སྤྱིའི་མ་དངུལ་སྒོར་ཁྲི 443.55བཏང་བ་དང་རྒྱ་ཁྱོན་ལ སྨི་གྲུ་བཞི་མ 2000ལྷག་ཟིན། ད་ལོའི་ཟླ 6པར་དངོས་སུ་བེད་སྤྱོད་བྱ་རྒྱུར་སྤྲད། མེ་ཏོག་ཚོང་ཁང་ནང་དུ་ཆུ་དང་གློག རང་འགུལ་ཚོད་འཛིན་མ་ལག དྲོད་འཛིན་མ་ལག་དང་རང་བྱུང་སོལ་རླངས་ཀྱི་དྲོད་འདོན་མ་ལག་བཅས་ཡོད། མྱུག་གསོ་སྒྲིག་ཆས་དང་ཐོན་སྐྱེད་རམ་འདེགས་སྒྲིག་ཆས་སོགས་ཡོད་པའི་དེང་རབས་ཅན་གྱི་རིག་ནུས་དྲོད་ཁང་དུ་རིམ་པ་མཐོ་འབྲིང་གི་མེ་ཏོག་རིགས 65ཡོད་པས་ཉོ་མཁན་མི་འདྲ་བའི་དགོས་མཁོ་སྐོང་ཐུབ་པ་ཡིན།
    མེ་ཏོག་ཚོང་ཁང་གི་བྱ་བྱེད་པ་པད་མ་འཚོས་བྲེལ་བ་ཆེན་པོས་མེ་ཏོག་སྣ་ཚོགས་གསོ་སྐྱོང་བྱེད་བཞིན་ཡོད། མོ་རང་དགའ་བའི་ངང་ནས། དེ་རིང་ང་ཚོའི་སྡེ་བའི་མེ་ཏོག་ཚོང་ཁང་ཚོང་གཉེར་བྱེད་འགོ་བརྩམས་པ་དང་ཉོ་མཁན་མང་བོ་ཡོང་བས་དཀའ་ཚེགས་ཆེ་ན་ཡང་སེམས་སྐྱིད་པོ་འདུག མེ་ཏོག་ཚོང་ཁང་ཡོད་པ་ནས་བཟུང་ང་ཞོར་ལས་ལ་འགྲོ་མི་དགོས་པར་ཐག་ཉེ་ས་ནས་ལས་ཀ་ལས་ཐུབ་པས་ཁྱིམ་དང་བུ་ཕྲུག་ལ་ལྟ་ཐུབ་ལ། ཡོང་སྒོ་ཞིག་ཀྱང་ཡོད་པ་མ་ཟད་ནུས་པ་ཡང་སྦྱོང་ཐུབ་ཅེས་བཤད།
    དེ་རིང་རྒྱ་ར་འགབ་མ་སྡེ་བའི་མེ་ཏོག་ཚོང་ཁང་གི་སྒོ་ཕྱེ་བ་དང། མེ་ཏོག་མང་ཞིང་གསར་ལ་རིན་གོང་བདེ་བས་རྗེས་ཕྱོགས་འདིར་ཡོང་ནས་མེ་ཏོག་ཉོ་རྒྱུ་ཡིན་ཞེས་སྐུ་མགྲོན་ཞིག་གིས་བཤད།
    རྒྱ་ར་འགབ་མའི་མེ་ཏོག་ཚོང་ཁང་གི་འགན་འཁུར་བས། དེ་རིང་ང་ཚོའི་མེ་ཏོག་ཚོང་ཁང་དངོས་སུ་སྒོ་ཕྱེ་བས་རང་རེའི་གྲོང་ཁྱེར་དུ་མེ་ཏོག་ཚོང་ར་མེད་པའི་སྟོང་ཆ་བསྐངས་ཡོད། ང་ཚོས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེལ་གླ་མི་དགོས་པར་མེ་ཏོག་སྐྱེལ་བཞིན་ཡོད་ཅེས་བཤད།
    རྒྱ་ར་འགབ་མའི་མེ་ཏོག་ཚོང་ཁང་གིས“ཆེད་ལས་མཉམ་ལས་ཁང་དང་མི་སྒེར་གྱིས་འགན་ལེན”གྱི་མཉམ་འབྲེལ་གཉེར་སྐྱོང་རྣམ་པ་སྤྱད་ནས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བ། རིན་གོང་མི་འདྲ་བའི་མེ་ཏོག་འཚོང་བཞིན་ཡོད། མེ་ཏོག་ཚོང་ཁང་དེ་ནི་རྒྱ་ར་འགབ་མ་སྡེ་བའི་དབུལ་སྐྱོར་འཁོར་ཁང་ཡང་ཡིན། མིག་སྔར་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང 11དང་ཁེ་སྤོགས་བགོ་བའི་གྲོས་མཐུན་བཞག་པ་དང་། དེ་དང་ཆབས་ཅིག་ཏུ་ལས་ཞུགས་ལས་གནས 25སྐུལ་ཁྲིད་བྱས་ནས་ཁྱིམ་ཚང་དབུལ་བོ་ཅན་གྱི་ཡོང་སྒོ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བར་འགན་ལེན་བྱས།
(དངོས་སྦྱོང་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།