中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་གིས་རྫོང་ཁོངས་ཀྱི་སྤྱི་བའི་ཚོང་རྟགས“ཀླུ་ཆུའི་ཁྱད་རྫས”ཀྱི་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ།
དུས་ཚོད།2020-11-18 11:23:43     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།     ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཀླུ་ཆུ་རྫོང་ཁོངས་ཀྱི་སྤྱི་བའི་ཚོང་རྟགས“ཀླུ་ཆུའི་ཁྱད་རྫས”ཀྱི་ཁྱབ་བསྒྲགས་ཚོགས་འདུ་དང་སྐབས་གཉིས་པའི“11.11”ཉིན་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་བྱ་འགུལ་དེ་ཀླུ་ཆུ་རྫོང་མི་དམངས་ཚོགས་ཁང་མདུན་གྱི་ཐང་ཆེན་དུ་སྤེལ།
    ཤེས་གསལ་ལྟར་ན། ཉིན་དེའི་བྱ་འགུལ་གྱི་ཡུལ་དངོས་སུ་བཙོངས་འབོར་བསྡོམས་པས་སྒོར་ཁྲི 18680ལྷག་ཡོད། ཀླུ་ཆུ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐེན་ཅིན་ཧུང་ཆའོ་དུ་རླངས་འཁོར་གཏོང་བའི་མཛད་སྒོ་སྤེལ་བ་དང་། རིན་ཐང་སྒོར་ཁྲི 55ལྷག་གི་ཞིང་ཕྱུགས་ཐོན་རྫས་ལ་གན་རྒྱ་བཞག་ནས་ཐེན་ཅིན་ལ་འདྲེན་བརྩིས་ཡོད། ཀླུ་ཆུ་རྫོང་གི“11.11”ཉིན་གྱི་ཞིང་ཕྱུགས་ཐོན་རྫས་སྐུལ་ཚོང་བྱ་འགུལ་ལ་གྲུབ་འབྲས་བཟང་བོ་ཐོབ་པ་དང་དེ་མིན་ཀླུ་ཆུ་རྫོང་ཁོངས་ཀྱི་སྤྱི་བའི་ཚོང་རྟགས“ཀླུ་ཆུའི་ཁྱད་རྫས”ཀྱི་འཕེལ་རྒྱས་ལ་ཡིད་ཆེས་བསྩལ།
    ཉེ་བའི་ལོ་ཤས་རིང་ལ། ཀླུ་ཆུ་རྫོང་གིས་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ་ཇེ་མགྱོགས་སུ་བཏང་བ་དང་། ཐོན་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་དང་ས་ཁོངས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་སྟེ། ཕྱོགས་ཡོངས་ནས་ཞིང་ཕྱུགས་ལས་ཀྱི་རྩ་འཛུགས་ཅན་གྱི་ཐོན་སྐྱེད་ཚད་གཞི་ཇེ་མཐོར་བཏང་ནས་ཁྱད་ལྡན་ཐོན་རྫས་ཚོང་གཉེར་གྱི་གཞི་ཁྱོན་རྒྱ་ཆེར་སྤེལ།
    མིག་སྔར། ཀླུ་ཆུ་རྫོང་གིས་རྫོང་དང་གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་བསྐྲུན་པ་མ་ཟད། རྫོང་ཁོངས་ཀྱི་སྤྱི་བའི་ཚོང་རྟགས“ཀླུ་ཆུའི་ཁྱད་རྫས”བརྒྱུད་ནས་ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་རིགས་སྒྱུར་རིམ་སྤོར་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚོང་རྟགས་འདེགས་སྐྱོར་བྱེད་པ་དང་ཐོན་རྫས་རྟེན་གཞི་བྱེད་པ། དགོས་མཁོ་ཕྱོགས་སྟོན་བྱེད་པ་བཅས་བྱས་ནས་ཧུར་བརྩོན་སྒོས་ཁྱད་ཆོས་ལྡན་ལ་གཞི་ཁྱོན་ལྡན་པ། ཤུགས་རྐྱེན་ལྡན་པ་དང་འགྲན་རྩོད་ནུས་ཤུགས་ལྡན་པའི་ས་གནས་ཀྱི་ཚོང་རའི་གཉེར་སྐྱོང་མ་ལག་བསྐྲུན་ནས། ཀླུ་ཆུ་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤྱི་ཁོག་གི་ཟུར་སྣོན་རིན་ཐང་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྤྱི་ཁོག་གི་སྣང་བརྙན་ལེགས་སྒྱུར་བྱུང་།།
(དངོས་སྦྱོང་སློབ་མ་སངས་རྒྱས་འཚོས་བསྒྱུར།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།


Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།